མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མེད་བཟོ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་ལས་ཟུང་ཆུ་རྫོང་གི་སློབ་མ5307ལ་ཕན་ཁེ་ཐོབ་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།  2013-06-05 10:35

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས4ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་སློབ་གསོ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། 2013ལོའི་སྤྱི་ཟླ3པ་ནས6པའི་བར་དུ། ཟུང་ཆུ་རྫོང་གིས“མེད་བཟོ་གཉིས་དང་ཁ་གསབ་གཅིག”གི་གྲོན་དངུལ་སྒོར་ཁྲི659དོན་འཁྱོལ་བྱས། དེའི་ཁྲོད། སློབ་གྲྭར་རྒྱུན་སྡོད་སློབ་མའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་ཁྲི360.87གཏོང་སྤྲོད་བྱས་པས། སློབ་གྲྭར་རྒྱུན་སྡོད་སློབ་མ5307ལ་ཁེ་ཕན་ཐོབ་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་དཔྱིད་དུས་སློབ་སྐབས་ཀྱི་འགྲོ་སོང་རྩག་རྩིག་སྒོར་ཁྲི236.63དང་སློབ་དེབ་རིན་པ་སྒོར་ཁྲི61.5མེད་པར་བཟོས་པ་རེད།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག