མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བཙན་ལྷ་རྫོང་ཞིང་ལས་ཐོན་ལས་གསོ་སྦྱོང་རྟེན་གཞི་བཙུགས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-06-03 11:04

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཀྲུང་གུང་བཙན་ལྷ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཞིང་ལས་ཆུ་བེད་ཅུའུ་ཡིས་རྩ་འཛུགས་ལག་བསྟར་བྱས་པའི“ཞིང་ལས་ཐོན་ལས་གསོ་སྦྱོང་རྟེན་གཞི”དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་མ་ཟད། ད་རུང་དངོས་སུ་སྤྱོད་འགོ་ཚུགས། ཞིང་ལས་ཐོན་ལས་གསོ་སྦྱོང་རྟེན་གཞི་བཙུགས་པ་དེས་ཞིང་ལས་ཐོན་སྐྱེད་ཚན་རྩལ་ཆུ་ཚད་སྐུལ་སྤེལ་དང་རྒྱ་ཆེའི་ཞིང་པའི་ལས་གཉེར་ནུས་རྩལ་དང་ཕྱོགས་བསྡུས་སྤུས་མཚག་མཐོར་འདེགས། དེང་རབས་ཞིང་ལས་གོང་སྤེལ་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་ཐད་སྐུལ་འདེད་དང་སློབ་སྦྱོང་བྱེད་པའི་གསོ་སྦྱོང་གི་སྟེགས་བུ་འདོན་སྤྲོད་བྱ་རྒྱུ་རེད།། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག