མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཁམས་པའི་འཁོར་སྐར་བརྙན་འཕྲིན་གྱིས“ཀྲུང་གོའི་ཕུགས་འདུན”བརྗོད་གཞི་ཡིན་པའི་རྒྱ་བོད་སྐད་གཉིས་འགྲན་བསྡུར་འགོ་ཚུགས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།  2013-06-03 10:38

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་ཁྱབ་སྤེལ་གང་ལེགས་གཏོང་དགོས་པའི་སྐོར་གྱི་མཛུབ་སྟོན་དགོངས་པ་དོན་འཁྱོལ་མཐར་ཕྱིན་དང་། བོད་ཁུལ་ས་གནས་སོ་སོས་སྐད་གཉིས་སློབ་གསོ་ཐད་ཐོབ་པའི་གྲུབ་འབྲས་དང་ས་གནས་སོ་སོའི་སྐད་གཉིས་སམ་ཡང་ན་སྐད་མང་སྨྲ་བའི་སློབ་མའི་བརྗིད་ཉམས་བཅས་མངོན་ཆེད། ཁམས་པའི་འཁོར་སྐར་བརྙན་འཕྲིན་གྱིས2011ལོ་དང2012ལོར་རྒྱལ་ཁའི་ངང་སྐད་གཉིས་འགྲན་བསྡུར་ཆེན་མོ་བསྟུད་མར་ཐེངས་གཉིས་ལ་སྤེལ་རྗེས། “ཀྲུང་གོའི་ཕུགས་འདུན་སྟེ་མཐོ་གཞོངས་སུ་དྲོད་ཁོལ་སྐྱེལ་བ”ཞེས་པ་བརྗོད་གཞི་ཡིན་ཞིང་། ནུབ་རྒྱུད་ཀྱི་བོད་ཁུལ་ཞིང་ཆེན་ལྔར་མཉམ་འབྲེལ་བྱས་ཏེ་ཐུན་མོང་གིས2013ལོའི་རྒྱ་བོད་སྐད་གཉིས་འགྲན་བསྡུར་ཆེན་མོ་ཇུས་འགོད་རྩ་འཛུགས་བྱ་རྒྱུ་རེད། མིག་སྔར་ལེ་ཚན་གཙོ་སྒྲིག་མི་སྣས་འགྲན་བསྡུར་སྔོན་གྱི་ལས་ཀ་སྣ་ཚོགས་འབྲེལ་འཚུབ་ངང་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། ཐེངས་འདིའི་འགྲན་བསྡུར་ཆེན་མོ་ནི་སྤྱི་ཟླ6པའི་ཟླ་མཇུག་ཏུ་ཁྱོན་ཡོངས་འགོ་ཚུགས་ཐུབ་རྩིས་ཡོད།

    ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་སྐད་གཉིས་འགྲན་བསྡུར་ཆེན་མོ་ཁྲོད་ཡུལ་ཤུལ་དང་བདེ་ཆེན། དཀར་མཛེས། རྔ་བ། ཆབ་མདོ། སི་ཁྲོན་གྱི“9+3”སློབ་མའི་སྐུ་ཚབ་བཅས་ཞུགས་རྒྱུ་མ་ཟད། ད་རུང་ལྷ་ས་དང་ལྷོ་ཁ་སོགས་ས་ཆའི་སློབ་མའི་སྐུ་ཚབ་འགྲན་ཞུགས་བྱ་རྒྱུ་ཡིན་པས། ད་ལོའི་སྐད་གཉིས་འགྲན་བསྡུར་ཆེན་མོའི་གཞི་ཁྱོན་དང་འགྲན་ཞུགས་མི་གྲངས་སྔོན་ལོའི་ཐེངས་གཉིས་བརྒལ་ཐུབ་ངེས་རེད། ཐེངས་འདིའི་འགྲན་བསྡུར་ཁྲོད་རྒྱའི་སྤྱི་སྐད་བཤད་རྒྱུ་མི་ཚད་ཁམས་པའི་སྐད་དང་ཨ་མདོའི་སྐད། དེ་མིན་དབུས་གཙང་སྐད་བཅས་བཤད་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག