མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གུང་གཞོན་སྡེ་ཚོགས་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-06-03 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་གྱི་འགག་རྩར་ཐུག་པའི་སྐབས་སུ་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་སྡེ་ཚོགས་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཉེ་ཆར་དར་མདོ་ཟློས་གར་ཁང་དུ་འཚོག་འགོ་ཚུགས་པ་རེད།

གུང་གཞོན་སྡེ་ཚོགས་ཞིང་ཨུའི་ཧྲུའུ་ཅི་ལིའུ་ཧུའེ་དབྱིན་དང་གུང་གཞོན་སྡེ་ཚོགས་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་རུང་དང་ཁུལ་ཚོགས་པ་ཆེན་པོ་བཞིའི་འགོ་གཙོ་ཚོགས་ཆེན་ནང་ཞུགས་ཡོད་པ་རེད།

ཧུའུ་ཁྲང་ཧྲེང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས།དཀར་མཛེས་ཡན་ལག་དམག་ཁུལ་བཅས་ཀྱི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པར་མ་ཟད།གྲོས་ཚོགས་བརྒྱུད་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཐེན་ཡོན་དང་གཞོན་ནུ་ལོ་ཆུང་།གཞོན་ནུའི་ལས་སྒྲུབ་པར་མཛའ་བརྩེའི་གུས་འདུད་འཚམས་འདྲི་ཞུས་པ་རེད།ཁོང་གིས་བསྟན་དོན།གུང་གཞོན་སྡེ་ཚོགས་དཀར་མཛེས་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ནས་ལོ་ལྔའི་རིང་།རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་ལོ་ལྔ་ཡིན་ལ།དཀར་མཛེས་གཞོན་ནུ་ཚོས་འཇོན་ནུས་འདོན་ནས་དཀར་མཛེས་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་ཆེན་སྒྲུབ་བྱེད་པའི་ལོ་ལྔའང་རེད།ལོ་ལྔའི་རིང་།ཁུལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་འབོད་སྐུལ་ཉན་པ་དང་དུས་རབས་ཀྱི་འབོད་བརྡ་དང་ལེན་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གྲྭ་དང་པོར་བྱས་རྗེས་བཞག་ཅིང་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་གི་མདུན་གྲས་སུ་ལས་རྐང་བརྟན་སྲུང་བྱས་ནས་ཉེན་ཁ་དང་དཀའ་ངལ་ཆེ་ཞིང་ལས་འགན་ལྗིད་པོའི་ཁྲོད་དུ་དཔའ་ངར་ངང་སྔོན་ཐོན་བརྩོན་པ་དང་དམངས་འཚོ་ལེགས་བཅོས་ཐད་རང་འགུལ་གྱིས་འཇོན་ནུས་འདོན་ཞིང་།དཀར་མཛེས་ཁུལ་གྱི་འཕེལ་རྒྱས་བརྟན་བརླིང་ལ་བྱས་རྗེས་མངོན་གསལ་བཞག་པ་དང་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་བླངས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག