མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱིས་ཇ་བག་ཐོན་སྐྱེད་བྱེད་མཁན་ཁེ་ལས་ལ་རྟོག་ཞིབ་བྱས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-06-03 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཇ་བག་གི་སྤུས་ཚད་དང་ཚོང་ར་ལ་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱ་རྒྱུ་དང་དཀར་མཛེས་ཁུལ་གྱི་སྐབས་དང་པོའི་ཞིང་ལས་ཀྱི་ཁྱད་ཐོན་དངོས་རྫས་བཀྲམ་འཚོང་ཚོགས་འདུའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་གཡག་རྔ་གྲོང་ཁྱེར་གྱི་ཡིའུ་དབྱི་དང་། ཅི་ཞང་། གཡང་རྔ་ཇ་བག་བཟོ་གྲྭ་སོགས་ཇ་བག་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་སའི་ཁེ་ལས་ལ་ཕྱིན་ནས་ཉོ་ཚོང་མཉམ་འབྲེལ་གྲོས་བསྡུར་དང་། བཀྲམ་འཚོང་ཚོགས་འདུའི་ཐོག་འབྲེལ་བ་བྱས་པ་དང་ཐོན་རྫས་ལ་བརྟག་དཔྱད་ཞིབ་འཇུག་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཡུན་རིང་ནས་བཟུང་དཀར་མཛེས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཉིན་གསུམ་ལ་འབྲུ་ཟ་རྒྱུ་མེད་ན་ཆོག་ཀྱང་།ཉིན་གཅིག་ལ་ཇ་འཐུང་རྒྱུ་མེད་ན་མི་ཉན་པའི་འཚོ་བའི་གོམས་སྲོལ་ཆགས་ཡོདསྟབས། ཇ་བག་གི་སྤུས་ཚད་དེ་ཐད་ཀར་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་འབྲེལ་བ་ཡོད་པ་རེད། གཡག་རྔ་ནི་གནའ་དུས་ནས་བཟུང་རང་ཁུལ་གྱི་ཇ་བག་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་སའི་ས་ཆ་ཡིན། ཐེངས་འདིར་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ལས་སྒྲུབ་ཚོ་ཆུང་དེས་གཡག་རྔ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འགོ་ཁྲིད་ཀྱིས་ཕེབས་རོགས་འོག གཡག་རྔ་གྲོང་ཁྱེར་གྱི་ཇ་བག་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་སའི་ཁེ་ལས་གཙོ་བོའི་བཟོ་གྲྭ་ས་ཁུལ་དང་མཛོད་ཁང་།བཀྲམ་ཚོང་ལྟེ་གནས་བཅས་ལ་ལྟ་སྐོར་བྱས་པར་མ་ཟད། ཇ་བག་ནང་ཧྥུལ་འདུས་ཚད་དང་། འཚོ་བཅུད་ཀྱི་རིན་ཐང་། ཐོན་རྫས་གསར་སྐྲུན། འཕེལ་རྒྱས་ཀྱི་བསམ་ཕྱོགས་སོགས་ཀྱི་ཐད་དང་ཁེ་ལས་སོ་སོའི་འགན་ཁུར་མི་སྣ་དང་མཉམ་དུ་གྲོས་མོལ་བྱས་པས་མ་ཚད།ལྷག་བསམ་རྣམ་དག་གིས་ཁེ་ལས་དེ་དག་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་དང་མ་དངུལ་འཇོག་རྒྱུའི་གདན་ཞུ་བྱས་པ་རེད། གཡག་རྔའི་བོད་ཇ་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་མཁན་ཁེ་ལས་ཀྱིས་གཅིག་རྗེ་གཉིས་མཐུད་དུ་རང་ཁུལ་དང་ཉོ་ཚོང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་རྫས་ཕུན་སུམ་ཚོགས་པོ་དང་སྤུས་ཚད་མཐོར་འདེགས་གཏོང་བ། དཀར་མཛེས་ཁུལ་ལ་རམ་འདེགས་བྱས་ཏེ་ཇ་བག་གི་སྤུས་ཚད་དབྱེ་འབྱེད་དང་། ཇ་ཡི་རིག་གནས་ཀྱི་ཆེད་དོན་འཆད་ཁྲིད། ཇའི་བྲོ་བ་མྱོང་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་མ་ཟད། དཀར་མཛེས་ཁུལ་གྱིས་སྤེལ་བའི་སྐབས་དང་པོའི་ལྗོངས་རྒྱུའི་ཚོང་རྫས་བཀྲམ་ཚོང་བྱེད་པའི་ཚོགས་འདུའི་ནང་ཞུགས་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག