མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སེར་ཤུལ་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་ལྟ་ཞིབ་དོ་དམ་ལས་ཀའི་གྲོས་ཚོགས་འཚོགས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-06-03 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེར་ཤུལ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མ་ཎི་གད་འགོ་ནས་སེར་ཤུལ་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་མཁན་དང་ལྟ་ཞིབ་དོ་དམ་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་ལྟ་ཞིབ་དོ་དམ་ལས་ཀའི་གྲོས་ཚོགས་འཚོགས་ནས། ཨར་ལས་འཛུགས་སྐྲུན་བྱེད་རིང་དུ་གནས་པའི་གནད་དོན་དང་ད་ལོའི་ཨར་ལས་ལྟ་ཞིབ་དོ་དམ་བྱས་པའི་གནས་ཚུལ་ཐད་བསམ་བློ་བརྗེ་རེས་བྱས་པར་མ་ཟད་བལྟོས་བཅས་ཀྱི་ལེགས་བཅོས་བྱེད་ཐབས་གཏན་འབེབས་བྱས་པ་རེད། གྲོས་ཚོགས་ཐོག་རང་ཉིད་ཞིབ་བཤེར་དང་ཕན་ཚུན་ཞིབ་བཤེར་བྱེད་པའི་བྱེད་ཐབས་སྤྱད་ནས། ཨར་ལས་སྡེ་ཚན་གྱིས་ཨར་ལས་བྱེད་རིང་དུ་བཏང་བའི་མི་ལག་དང་། རྒྱུ་ཆ། སྒྲིག་ཆས་སོགས་མི་འདང་བ་དང་། ལྟ་སྐུལ་དོ་དམ་བྱེད་མཁན་གྱིས་ཨར་ལས་ཀྱི་སྤུས་ཚད་དང་འཕེལ་རིམ། བདེ་འཇགས་དང་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ལྟ་སྐུལ་དོ་དམ་ནན་པོ་མིན་པ་སོགས་ཀྱི་གནས་ཚུལ་སྟོན་པ། འཚོལ་མྱུལ་ཐུབ་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ནས། སེར་ཤུལ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཇུས་འགོད་དཔེ་རིས་དང་ཡིག་ཆ་སློབ་སྦྱོང་ཡག་པོ་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་གོ་རིམ་ལྟར་ཁྱོན་ཡོངས་ནས་ལས་ཀའི་འཕེལ་རིམ་གྱི་གནས་ཚུལ་ཁོངས་དུ་ཆུད་ཐུབ་པ་དང་ཨར་ལས་ཀྱི་སྤུས་ཚད་ལ་ཞིབ་བཤེར་ནན་པོ་བྱས་པར་མ་ཟད།ཐོ་འགོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག ཨར་ལས་སྡེ་ཚན་ལ་སྔར་ལས་ལྷག་པར་བདེ་འཇགས་ཨར་ལས་དང་ཡ་རབས་ཚུལ་ལྡན་གྱི་ཨར་ལས་འདུ་ཤེས་མཐོར་འདེགས་བཏང་བ་དང་། ཇུས་འགོད་ཀྱི་པར་རིས་དང་ཨར་ལས་ཀྱི་གོ་རིམ། ལས་ཀའི་སྤུད་ཚད་ལྟར་ཨར་ལས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག