མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སྔོན་མའི་ཟླ་བཞིའི་ནང་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར8.79བཞག་ཡོད།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-06-03 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མཁོ་སྤྲོད་བྱས་པའི་ཡིག་ཆ་ཐོག་ནས་མཚོན་རྒྱུར། སྤྱི་ཟླ4པའི་ཟླ་མཇུག་ཏུ་སླེབས་དུས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར8.79བཏང་ནས་ལོ་འཁོར་འཆར་གཞིའི་བརྒྱ་ཆ11.20གྲུབ་ཐུབ་ཡོད། དེའི་ནང་རྒྱལ་སྲུང་གཞུང་ལམ317པའི་ལམ་ཐིག་འགོ་གཡག་ཐང་ནས་སྐམ་ཐོག་བར་གྱི་(ཁྲོ་ལོའི་ཕུག་ལམ་འདུས་པ།)གཞུང་ལམ་ལ་སྒོར་དུང་ཕྱུར1.85དང་། རྒྱལ་སྲུང་གཞུང་ལམ318པའི་ལམ་ཐིག་མགོ་ལོག་ཐོག་ནས་མཚོ་ལའི་བར་གྱི་གཞུང་ལམ་ཐད་སྒོར་དུང་ཕྱུར1.56 ། ཞིང་ཆེན་རིམ་པའི་གཞུང་ལམ211པའི་ལམ་ཐིག་འགག་ཟུར་ནས་རོང་བྲག་བར་གྱི་གློག་འདོན་ས་ཚུགས་ཀྱི་གཞུང་ལམ་ཉམས་གསོ་བྱེད་པའི་ཐད་སྒོར་དུང་ཕྱུར1.162 ། ཞིང་ཆེན་རིམ་པའི་གཞུང་ལམ217ནས་216བར་གྱི་ལམ་ཐིག་ལི་ཐང་ནས་འདབ་པའི་ཉི་སྟེན་བར་གྱི་གཞུང་ལམ་ཐད་སྒོར་དུང་ཕྱུར1.134 ། ཞིང་ཆེན་རིམ་པའི་གཞུང་ལམ217ལམ་ཐིག་དཀར་མཛེས་ནས་ལི་ཐང་གི་གྱང་པའི་བར་གྱི་གཞུང་ལམ་ཐད་སྒོར་དུང་ཕྱུར0.874 ། དཀར་མཛེས་ནས་དཔལ་ཡུལ་བར་གྱི་གཞུང་ལམ་ཐད་སྒོར་དུང་ཕྱུར0.627 ། ཞིང་ཆེན་རིམ་པའི་གཞུང་ལམ215པའི་ལམ་ཐིག་འགག་ཟུར་ནས་བརྒྱད་ཟིལ་བར་གྱི་གཞུང་ལམ་ཐད་ཁྲི0.477 ། ཞིང་ཆེན་རིམ་པའི་གཞུང་ལམ211ལམ་ཐིག་མའོ་ཙི་ཕིང་ནས་ཧྲེ་མན་བར་གྱི་གློག་འདོན་ས་ཚུགས་ཀྱི་གཞུང་ལམ་ཉམས་གསོ་བྱེད་པའི་ཐད་སྒོར་དུང་ཕྱུར0.452 ། འདབ་པའི་ཉིན་སྟེན་ནས་ཡུན་ནན་གྱི་ཆུ་གསུམ་མདོའི་བར་གྱི་གཞུང་ལམ་ཐད་སྒོར་ཁྲི0.333། ཞིང་ཆེན་རིམ་པའི་གཞུང་ལམ 217པའི་ལམ་ཐིག་མ་ཎི་གད་འགོ་ནས་སེར་ཤུལ་བར་གྱི་གཞུང་ལམ་ཐད་སྒོར་དུང་ཕྱུར0.205 ། སྐམ་ཐོག་ནས་དཔལ་ཡུལ་བར་གྱི་གཞུང་ལམ་ཐད་སྒོར་ཁྲི0.067 ། གསེར་ཐར་ནས་ཉ་ལུང་བར་སྒོར་ཁྲི0.045བཅས་ཡོད་པ་རེད།

མིག་སྔར་རྣམ་གྲངས་སོ་སོའི་ཨར་ལས་བྱེད་བཞིན་པའི་སྒང་ཡིན་པ་དང་། རྣམ་གྲངས་ཀྱི་འཕེལ་རིམ་ནི་ས་ཁད་དང་གནམ་གཤིས་སོགས་ཀྱི་རྐྱེན་གྱིས་སྔོན་རྗེས་ཡོད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག