མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གཟི་རྩ་སྡེ་དགུ་རྫོང་གིས་ཐེངས་བཞི་བའི་དོམ་ཁྲར་བྱེས་སུ་བརྟག་དཔྱད་བྱེད་པའི་ལས་ཀ་མཇུག་གྲིལ་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བའི་ཉིན་རེའི་ཚགས་པར།  2013-05-30 11:05

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་ནགས་ལས་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། དུས་ཡུན་ཟླ་ཕྱེད་ལྷག་གི་རིང་སི་ཁྲོན་ཞིང་ཆེན་ཐེངས་བཞི་བའི་དོམ་ཁྲའི་རྗེས་ཤུལ་གཟི་རྩ་སྡེ་དགུ་རྫོང་གིས་བྱེས་སུ་བརྟག་དཔྱད་ལས་ཀའི་བྱེད་སྒོ་བདེ་བླག་ངང་མཇུག་གྲིལ་བ་དང་། བརྟག་དཔྱད་ལས་དོམ་ཁྲ་ཁྱབ་ཡོད་ས་དང་དེ་མིན་མཐའ་འཁོར་དུ་ཕལ་ཆེར་ཁྱབ་ཡོད་ས་བསྡོམས་པས་སྤྱི་ལེ་གྲུ་བཞི་མ1580ཤེས་རྟོགས་བྱུང་ལ། བསྡོམས་པས་དོམ་ཁྲ་སོང་ཤུལ76གསར་རྙེད་བྱུང་།

    ཤེས་རྟོགས་བྱུང་བ་ལྟར་ན། གཟི་རྩ་སྡེ་དགུ་རྫོང་དུ་ཁྱབ་པའི་དོམ་ཁྲ་ནི་རྨིན་ཧྲན་རི་བོའི་རིགས་སྤྱིའི་ཁོངས་སུ་གཏོགས་ཤིང་། ཐེངས་འདིའི་བྱེས་སུ་རྗེས་ཤུལ་བརྟག་དཔྱད་ཁྲོད། བརྟག་དཔྱད་རུ་ཁག་གིས་བསྡོམས་པས་སྲོག་ཆགས་བརྟག་དཔྱད་མ་དཔེ་ལམ་ཐིག790དང་རྩི་ཤིང་བརྟག་དཔྱད་མ་དཔེ་ལམ་ཐིག125ལེགས་འགྲུབ་བྱུང་ཞིང་། བརྟག་དཔྱད་ལས་དོམ་ཁྲ་ཁྱབ་ཡོད་ས་དང་དེ་མིན་མཐའ་འཁོར་དུ་ཕལ་ཆེར་ཁྱབ་ཡོད་ས་བསྡོམས་པས་སྤྱི་ལེ་གྲུ་བཞི་མ1580ཤེས་རྟོགས་བྱུང་བ་དང་། བསྡོམས་པས་དོམ་ཁྲ་སོང་ཤུལ76གསར་རྙེད་བྱུང་། རྫོང་འདིའི་བྱེ་བྲག་གི་དོམ་ཁྲའི་གྲངས་འབོར་གནས་ཚུལ་ལ་མཚོན་ན། བརྟག་དཔྱད་ཚན་ཆུང་གིས་ད་རུང་རྗེས་ཕྱོགས་ཀྱིNDAཞིབ་དཔྱད་ཚད་ལེན་དང་བརྟག་དཔྱད་གཞི་གྲངས་ལ་སྔར་བས་དབྱེ་ཞིབ་བྱས་པ་བརྒྱུད། ད་གཟོད་མཇུག་མཐའི་འབྲེལ་ཡོད་ཀྱི་བསྡོམས་ཚིག་དགོད་ཐུབ་ངེས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག