མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབར་ཁམས་རྫོང་གིས་གཅོང་ནད་དང་མོ་ནད་ལ་ཞིབ་བཤེར་བྱ་བ་འགོ་ཚུགས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-05-17 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་གི་གཅོང་ནད་དང་མོ་ནད་ལ་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚན་ཆུང་གིས་ཐག་གིས་སྤྱི་ཟླ5བའི་ཚེས17ཉིན་ནས་ཚེས28ཉིན་བར་དུ་འབར་ཁམས་རྫོང་མཁར་རུ་རྒྱུན་སྡོད་བྱེད་པའི་མི་འབོར་ལ་རིན་མི་དགོས་པར་གཅོང་ནད་དང་མོ་ནད་ཡོངས་ཁྱབ་ནས་ཞིབ་བཤེར་བྱ་རྒྱུ་དང་། དར་མར་ཡོངས་ཁྱབ་ཞིབ་བཤེར་ས་ཚིགས་ནི་རྫོང་མ་བུ་བདེ་སྲུང་ཁང་དུ་འཛུགས་རྒྱུ་དང་སློབ་མར་ཡོངས་ཁྱབ་ཞིབ་བཤེར་ས་ཚིགས་ནི་སློབ་གྲྭ་སོ་སོ་རུ་འཛུགས་རྒྱུ་ཐག་གིས་བཅད། མཚམས་སྦྱོར་བྱས་པ་ལྟར་ན། སྤྱི་ཟླ5བའི་ཚེས15ཉིན་ནས་བཟུང་སློབ་གྲྭའི་ཡོངས་ཁྱབ་ཞིབ་བཤེར་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད །  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག