མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དྲག་ཆས་ཉེན་རྟོག་དམག་དཀར་མཛེས་ཡན་ལག་རུ་ཁག་གིས་ཕ་ཡུལ་གཉིས་པར་ལྗང་མདོག་བསྣན།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-05-12 10:47

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཁམས་པའི་མཐོ་སྒང་དུ་དཔྱིད་དྲོད་འཁོར་བའི་གྲང་ངད་ཁྲོད་དུ་དཔྱིད་དཔལ་གྱི་སྐྱེ་སྟོབས་རབ་ཏུ་རྒྱས་བཞིན་འདུག ཤིང་འཛུགས་ལས་ཀའི་ནང་ཞུགས་མཁན་དཔོན་དམག་ཚོ་ངལ་ལས་ཀྱི་སྤྲོ་སེམས་ཆེ་བ་དང་རྩོལ་ཤུགས་རབ་ཏུ་རྒྱས་ཅིང་།ཚ་ཚ་འུར་འུར་གྱིས་ངལ་རྩོལ་བྱེད་བཞིན་པའི་རྣམ་པས་ཁེངས་བཞིན་འདུག

    དཔོན་དམག་ཚོས་འགའ་རེས་ཤིང་ཕྲུག་སྐྱོར་བཞིན་པ་དང་། འགའ་རེས་ས་སྣོན་བརྒྱབ་པ། འགའ་རེས་ཆུ་ཁུར་ནས་ཤིང་ཕྲུག་ལ་ཆུ་གཏོང་བཞིན་པ། འགའ་རེས་ཤིང་ཕྲུག་སྐྱེལ་འདྲེན་བྱས་ནས་ཚ་ཚ་འུར་འུར་གྱིས་ཤིང་ཕྲུག་འཛུགས་བཞིན་འདུག དཀར་མཛེས་ཁུལ་ནི་ངའི་དམག་ཞུགས་འཚོ་བ་རོལ་འགོ་ཚུགས་ཡུལ་ཡིན་ལ།ངའི་ཕ་ཡུལ་གཉིས་པ་ཡང་ཡིན་པ་རེད། དཀར་མཛེས་ཁུལ་ལ་བྱ་བ་ཕྲན་བུ་སྒྲུབ་ཐུབ་རྒྱུ་ནི་ང་ལ་དཀའ་ལས་ཅུང་ཙམ་ཡང་མེད་ཅེས་ལྕགས་ཟམ་རྫོང་གི་རུ་ཁག་འབྲིང་བའི་ཧྲང་ཧྲི་ལུའོ་ཞང་ཏུང་གིས་དེ་ལྟར་བཤད།

    ཉེ་བའི་ལོ་ཤས་རིང་། དྲག་ཆས་ཉེས་རྟོག་དམག་དཀར་མཛེས་ཡན་ལག་རུ་ཁག་གི་ཏང་ཨུ་ཡིས་ཐོག་མཐའ་བར་གསུམ་དུ་ཁམས་པ་ཕྱུག་འགྱུར་ཡོང་བ་དང་འཆམ་མཐུན་མཉམ་སྐྲུན་གྱི་བསམ་བློ་རྒྱུན་འཁྱོངས་བྱས་པ་དང་། མཐའ་གཅིག་ཏུ་ཁམས་པ་སྲུང་སྐྱོང་དང་མཛེས་བཟོ་བྱེད་པའི་ལས་ཀ་དེ་དམག་བཀུར་ཁྱིམ་སྐྱོང་གི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས། ལོ་རེའི་དཔྱིད་ཀ་སླེབས་པའི་དུས་སུ་དཔོན་དམག་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ་བྱས་པ་དང་། དབྱར་དུས་སུ་དཔོན་དམག་སྒྲིག་འཛུགས་བྱས་ནས་ཡུར་མ་ཡུར་ནས་ནགས་ཚལ་སྲུང་སྐྱོང་། སྟོན་དགུན་དུས་སུ་དཔོན་དམག་སྒྲིག་འཛུགས་བྱས་ནས་མེ་འགོག་གནོད་སེལ་སོགས་བྱས་ནས། ས་གནས་སྲིད་གཞུང་དང་རྒྱ་ཆའི་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་དགའ་བསུ་ཐོབ་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག