མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

«ཟངས་ལས་བྱུང་བའི་བྱིན་མཐུ»ཞེས་པའི་ནང་བསྟན་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་བྱེད་འགོ་ཚུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:15


«ཟངས་ལས་བྱུང་བའི་བྱིན་མཐུ»ཞེས་པའི་ནང་བསྟན་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་བྱེད་འགོ་ཚུགས་པ།
 

འབུར་བརྐོས་བརྩམས་ཆོས«སྒྲོལ་མ་དཀར་མོ»
 

འབུར་བརྐོས་བརྩམས་ཆོས«པཎ་ཆེན་སྐུ་ཕྲེང་བཅུ་བ»

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས3ཉིན། བོད་བརྒྱུད་ནང་བསྟན་གྱི་འབུར་བརྐོས་སྒྱུ་རྩལ་འགྲེམ་སྟོན་ཏེ«ཟངས་ལས་བྱུང་བའི་བྱིན་མཐུ»ཞེས་པ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་དགེ་འོས་སློབ་གླིང་དུ་སྤེལ། ཐེངས་འདིའི་འགྲེམ་སྟོན་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་དགེ་འོས་སློབ་གླིང་མཛེས་རྩལ་ཚན་ཁག་གིས་གཙོ་བསྒྲུབས་བྱས་པ་ཡིན་ཞིང་། སྤྱི་ཟླ5པའི་ཚེས15ཉིན་བར་དུ་སྤེལ་རྒྱུ་རེད།

འགྲེམ་སྟོན་སྟེང་བཀྲམས་པའི་ཟངས་སྐུ་དང་འབུར་བརྐོས་ལ«གསལ་བྱེད་སུམ་ཅུ»དང«པཎ་ཆེན་སྐུ་ཕྲེང་བཅུ་བ» «སྒྲོལ་མ་དཀར་མོ»སོགས་ཀྱི་བརྩམས་ཆོས་ཡོད་ཅིང་། ཐེངས་འདིའི་འགྲེམ་སྟོན་ཁྲོད་ཀྱི་བརྩམས་ཆོས་བརྒྱ་ལྷག་ནི་དགེ་རྒན་ཆེན་མོ་བློ་རྒྱལ་ཚེ་རིང་ལགས་ཀྱི་བགྲང་བྱ་བཅུ་ལྷག་གི་རིང་ལ་དཀའ་སྤྱད་སྡུག་རུས་བྱས་ནས་བརྩམས་པ་རེད།  །


ཟངས་ལས་བཟོས་པའི་བོད་ཀྱི་བུ་རྒོད།

ཟངས་ལས་བཟོས་པའི་བོད་ཀྱི་བུ་མོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག