མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཚགས་པར་ཁང་གིས་ཉེ་བ་གསར་པར་གཅེས་སེམས་རོགས་སྐྱོར་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2013-05-03 10:27

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས22ཉིན། དཀར་མཛེས་ཚགས་པར་ཁང་གིས་ལས་སྒྲུབ་མི་སྣ་ཚང་མ་རྩ་འཛུགས་བྱས་ནས་ནད་ཚབས་ཆེན་གྱིས་མནར་བའི་དབུལ་ཕོངས་དུད་ཚང་དབྱང་ཀྲུང་ཁུའེ་ལ་གཅེས་སེམས་དགེ་རྩ་འབུལ་བའི་བྱེད་སྒོ་སྤེལ་བ་རེད། མང་ཚོགས་ལས་ཀའི་བྱེད་སྒོ་ཆེན་པོ་དྲུག་གི་ཡ་གྱལ་ཏེ་ཉེ་བ་སྒྲིག་པའི་བྱེད་སྒོ་སྤེལ་བའི་ཁྲོད་དུ་དཀར་མཛེས་ཚགས་པར་ཁང་གི་ལས་སྒྲུབ་པ་ལི་ཞའི་གསར་བསྒྲིགས་ཉེ་བ་དུང་དཀར་ལུང་པའི་ཞིན་ཞིན་ཤང་མ་ལེའུ་ལིན་གྲོང་སྡེའི་གྲོང་མི་དབྱང་ཀྲུང་ཁུའེ་ཡི་བུ་ལོ3ཅན་དང་ལོ6ཅན་གཉིས་ལ་ཁྲག་ཞུ་ཕྲ་ཕུང་གི་ཕྱོགས་བསྡུས་ནད་གཞི་ཞེས་པ་ཞིག་ཕོག་པ་རེད། ནད་དེ་ནི་ཁྲག་རིལ་དཀར་པོའི་ནད་ལས་ཀྱང་ཚབས་ཆེ་བའི་རྒྱུད་རྒྱུའི་ནད་གཞི་ལྗིད་པོ་ཞིག་ཡིན་པ་པ་རེད། མ་གཞི་ནས་དབུལ་ཞིང་ཕོངས་པའི་ཁྱིམ་ཚང་དེར་མུ་གེའི་སྟེང་ལ་ཟླ་ལྷག་བསྣན་པ་དང་། གལ་ཏེ་ནད་གཞི་འདི་དྲག་སངས་བྱེད་དགོས་ཚེ་རུས་རྐང་བརྗེ་སྤོ་བྱེད་དགོས་པ་ལས་དེ་མིན་ཐབས་གང་ཡང་མེད། འོན་ཀྱང་སྨན་བཅོས་བྱེད་པའི་རིན་པ་ཚོད་རྩིས་ཙམ་བྱས་ན་ཡང་སྒོར་མོ་ཁྲི120དགོས་པ་རེད།

སྐྱོ་བའི་གནས་ཚུལ་འདི་ཐོས་ཚེ་དཀར་མཛེས་ཚགས་པར་ཁང་གི་མང་ཚོགས་ལས་དོན་ལག་བསྟར་ཚོ་ཆུང་གི་མི་སྣ་ཚོ་དབྱང་ཀྲུང་ཁུའེ་ཡི་ཁྱིམ་དུ་ཐེངས་མང་སོང་ནས་གནས་ཚུལ་འདྲི་རྟོགས་དང་མཐུན་སྦྱོར་རོགས་རམ་བྱས་ནས་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། ཟླ་བ4པའི་ཚེས7ཉིན། ཚགས་པར་ཁང་གི་འགོ་ཁྲིད་ཚེ་བརྟན་དགྲ་འདུལ་གིས་འབྲེལ་ཡོད་མི་སྣ་ཁྲིད་ནས་དབྱང་ཀྲུང་ཁུའེ་ཡི་ཁྱིམ་དུ་འཚམས་འདྲིར་སོང་བ་དང་། ལི་ཞས་རང་གི་ཉེ་བ་ལ་གོས་དང་ལག་དངུལ་བསྡོམས་པས་སྒོར་མོ1500རི་བ་བསྐྱལ་བ་རེད། དེ་ནས་མང་ཚོགས་ལས་དོན་ཚོ་ཆུང་གིས་སྐུལ་སློང་བྱས་ཏེ་ཚགས་པར་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཚང་མའི་ནང་དུ་གཅེས་སེམས་རོགས་སྐྱོར་གྱི་དགེ་རྩ་འབུལ་བའི་བྱེད་སྒོ་སྤེལ་ནས་སྒོར་མོ7000འདུས་པ་དང་། དེའི་ཐོག་ཚགས་པར་ཁང་སྤྱིའི་ངོས་ནས་སྒོར་མོ་ཁྲི3སྤྲད་པ་མ་ཚད་ད་དུང་ཟླ་བ5པའི་ཟླ་དཀྱིལ་ཙམ་ལ་ཁུལ་བུད་མེད་ལྷན་ཚོགས་དང་གུང་གཞོན་ཚོགས་པ་ཁུལ་ཨུ་སོགས་འབྲེལ་ཡོད་སྡེ་ཁག་རྣམས་དང་མཉམ་འབྲེལ་བྱས་ནས་གཅེས་སེམས་དགེ་རྩ་འབུལ་བའི་བྱེད་སྒོ་ཞིག་རྩ་འཛུགས་བྱ་རྒྱུ་རེད། བྱེད་སྒོ་འདི་སྤེལ་བ་བརྒྱུད་ནས་དཀར་མཛེས་ཚགས་པར་ཁང་གི་ལས་སྒྲུབ་མི་སྣ་ཡོངས་དང་མང་ཚོགས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཇེ་ཟབ་ཏུ་ཕྱིན་ཞིང་གཅིག་ཕན་གཅིག་རོགས་ཀྱི་སྒོ་ནས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་པའི་ངར་ཤུགས་ཀྱང་སློང་བ་ཡིན་ནོ །   །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག