མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གླུ་བ་གཡང་དྲུང་རྒྱལ་གྱིས་གཡག་རྔར་སྒོར་ཁྲི20ལྷག་གི་དངོས་ཟོག་ཞལ་འདེབས་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-04-26 10:23


གླུ་བ་གཡང་དྲུང་རྒྱལ་གྱིས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོབ་དངོས་ཟོག་སྐྱེལ་བཞིན་པ།

གླུ་བ་གཡང་དྲུང་རྒྱལ་གྱིས་གནོད་འཚེ་ཐེབས་པའི་གནས་ཚུལ་རྒྱུས་ལོན་བྱེད་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་གཡག་རྔ་ལ་ས་འགུལ་བྱུང་རྗེས། གླུ་བ་གྲགས་ཅན་གཡང་དྲུང་རྒྱལ་ལགས་ཀྱིས་ལྷག་བསམ་དྲོན་མོ་ཁོངས་སུ་རུམ་ཞིང་མ་བསྐུལ་རང་འགུལ་སྒོས་ཉལ་ཐུལ་དང་། ཆར་ལྭ། ཟ་མ་སོགས་རིན་ཐང་སྒོར་འབུམ2ལྷག་གི་རོགས་སྐྱོབ་དངོས་ཟོག་ཉོས་ནས། གནོད་ཐེབས་ས་ཁུལ་ལ་བསླེབས་ཤིང་། ཁོང་ཉིད་ཀྱིས་གནོད་ཐེབས་ས་ཁུལ་དུ་སྨན་བཅོས་མི་སྣ་དང་དང་བླངས་པ་སོགས་དང་མཉམ་དུ་རོགས་སྐྱོབ་དངོས་ཟོག་རེ་རེ་བཞིན་ཡུལ་དེའི་མི་དམངས་ཀྱི་ལག་ཏུ་སྤྲད་དེ་རང་ནུས་ཅི་ལྕོགས་ཀྱིས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོབ་གནང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག