མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཡུས་ཧྲུའུ་རྒུད་སྐྱོབ་རུ་ཁག་ཚེས་ཉེར་གཅིག་ཉིན་སི་ཁྲོན་གནོད་ཐེབས་ས་ཁུལ་དུ་ཐོན་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-04-22 10:34

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ལ་རོགས་སྐྱོར་བྱེད་པར་སོང་བའི་སྔོན་སྐྱོད་རྒུད་སྐྱོབ་རུ་ཁག་གི་མི་སྣ་དོན་གཉིས་དུས་ཚོད་ཉེར་དྲུག་དང་སྐར་མ་བཞི་བཅུའི་རིང་ལ་ཉིན་མཚན་མེད་པར་སོང་མཐར། ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་བཅུ་དྲུག་དང་སྐར་མ་བཞི་བཅུའི་སྟེང་ས་འགུལ་གྱི་གནོད་འཚེ་ཐེབས་སའི་ལུའུ་ཧྲན་རྫོང་ལ་ཐོན་པར་མ་ཟད། མྱུར་དུ་གནོད་སེལ་རྒུད་སྐྱོབ་བྱ་བ་སྒྲུབ་མགོ་བརྩམས།

ཚེས་ཉི་ཤུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། སྔོན་སྐྱོད་རྒུད་སྐྱོབ་རུ་ཁག་ཡུས་ཧྲུའུ་ཁུལ་སྐྱེ་རྒུ་གྲོང་བརྡལ་ནས་ལམ་ལ་ཆས་ཏེ། ལམ་བར་དུ་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེར་ཤུལ་དང་དཀར་མཛེས། དར་མདོ། ལྕགས་ཟམ་ཁ་སོགས་རྫོང་བརྒྱུད་དེ། གཡག་རྔ་གྲོང་ཁྱེར་གྱི་ཐེན་ཆོན་རྫོང་ནས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་རྒུད་སྐྱོབ་བྱེད་སའི་ལུའུ་ཧྲན་རྫོང་ལ་ཐོན། ལུའུ་ཧྲན་རྫོང་ལ་ཐོན་རྗེས། ཡུས་ཧྲུའུ་རྒུད་སྐྱོབ་བྱ་བའི་བཀོད་འདོམས་པུའུ་ཡིས་དེ་མ་ཐག་ཏུ་ལུའུ་ཧྲན་རྫོང་གི་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་བཀོད་འདོམས་པུའུ་དང་འབྲེལ་འདྲིས་བྱས་རྗེས། ཡུས་ཧྲུའུ་ཡི་དམིགས་བསལ་ཉེན་རྟོག་པ་ཉེར་བཞི་ཡིས་སྤྱི་བདེ་པུའུ་བདེ་འཇགས་དོ་དམ་ཅུའུ་ཡི་ས་དེའི་བདེ་འཇགས་བྱ་བའི་འགན་འཁུར་བར་མིང་ཐོ་བཀོད་དེ་ལས་འགན་དང་ལེན་བྱས་པ་དང་། རྒུད་སྐྱོབ་རུ་ཁག་གི་སྨན་བཅོས་མི་སྣ་སོ་དྲུག་གིས་ཀྱང་ས་དེའི་བཀོད་འདོམས་པུའུ་ཡི་རྒུད་སྐྱོབ་སྨན་བཅོས་ཚན་ཆུང་ལ་མིང་ཐོ་བཀོད། སྨན་བཅོས་མི་སྣས་རླངས་འཁོར་དུ་དྲུད་པའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་གནས་སྐབས་བཀོད་སྒྲིག་བྱེད་སར་བཞག།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག