མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབའ་ཐང་རྫོང་གིས་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་ཀྱི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2013-01-29 10:58

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་རྫོང་གི་ངལ་རྩོལ་ལྟ་ཞིབ་མི་སྣས་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་ཀྱི་གནས་ཚུལ་ཅུང་ཚབས་ཆེན་ཡིན་པའི་གླ་པ་སྤྱོད་མཁན་ཀྲུང་གོའི་ཆུ་བེད་དང་ཆུ་གློག་ཨར་ལས་ཅུས་དང་པོ་དང་འབྲེལ་འདྲེས་ཐེངས་མང་བྱས་པ་དང་། ཅུས་དེར་དུས་ཡུན་ཐུང་ཐུང་ནང་གནད་ཚུལ་ཐག་གཅོད་བྱེད་དགོས་པའི་འཆར་འགོད་གཏན་འབེབས་བྱས་ཏེ་དུས་འགྱངས་ཆད་ལུས་ཀྱི་གླ་ཕོགས་ཁ་ཐོག་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱས་པ་དང་ཆབས་ཅིག མི་སྣ་སྒྲིག་འཛུགས་བྱས་ནས་གླ་ཕོགས་མ་རག་ནས་རྫོང་དུས་ལུས་ཡོད་པའི་ཞིང་པ་གླ་པ་ལ་ངང་རྒྱུད་རིང་པོའི་སྒོས་འགྲེལ་བཤད་བྱས་པ་དང་། ཕྱོགས་མང་པོ་ནས་འབད་བརྩོན་བྱས་པར་བརྒྱུད། ཀྲུང་གོའི་ཆུ་བེད་དང་ཆུ་གློག་ཨར་ལས་ཅུས་དང་པོས་ཆད་ལུས་བྱས་པའི་ཞིང་པ་གླ་པའི་གླ་ཕོགས་དང་། རྒྱུ་ཆའི་རིན་གོང་། སྐྱེལ་འདྲེན་རིན་གོང་བཅས་སྒོར་ཁྲི39ལྷག་ཁ་ཐོག་ལག་བསྟར་བྱས་པ་རེད། རྫོང་དེའི་ངལ་རྩོལ་ལྟ་སྐུལ་སྡེ་ཁག་གིས་མུ་མཐུད་དེ་དཔྱིད་གསར་དུས་ཆེན་གྱི་སྔོན་རྗེས་སུ་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་གནས་ཚུལ་ཐག་གཅོད་བྱ་རྒྱུའི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དང་། ལས་སྒྲུབ་མི་སྣས་ཆུ་ཚོད24ལ་སྡོད་རེས་བྱས་ཏེ་གླ་ཕོགས་ཆད་ལུས་བྱས་པའི་རྐྱེན་གྱིས་སྤྱི་ཚོགས་བརྟན་བརླིང་མིན་པའི་རྒྱུ་རྐྱེན་མི་ཡོང་བར་ཁག་ཐེག་བྱ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག