མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་ཁའི་རྒན་གསོ་ཉེན་སྲུང་ཁྱབ་ཚད་མི17000ལྷག་ལ་བསླེབས་པ།

རྩོམ་པ་པོ། ལོ་ཙཱ། ཚེ་རིང་སྒྲོལ་མ།    2013-01-28 10:39

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མིག་སྔའི་བར་དུ།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་ཁའི་རྒན་གསོ་ཉེན་སྲུང་ཁྱབ་ཚད་མི17000ལྷག་ལ་བསླེབས་པ་དང་།  འཆར་གཞིའི་བརྒྱ་ཆའི་བརྒྱ་དང་བཅུ་གཅིག་ཟིན་ཡོད་ཅིང་།  མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་སྲུང་ཁྱབ་ཚད་མི2000ལྷག་ལ་བསླེབས་ཡོད་པ་དང་།  འཆར་གཞིའི་བརྒྱ་ཆའི་བརྒྱ་དང་བརྒྱད་ཅུ་ཟིན་ཡོད།  མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་སྟོང་གཅིག་དང་བརྒྱ་ལྷག་ལ་ཆེས་དམའ་བའི་འཚོ་བའི་འགན་སྲུང་སྒོར་མོ་ཁྲི373ལྷག་བཏང་བ་དང་།  མི་རེར་ཟླ་རེར་ཆ་སྙོམས་འགན་སྲུང་བྱེད་པའི་ཚད་གཞི་སྒོར་མོ207ཡིན།  ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ12000ལྷག་ལ་ཆེས་དམའ་བའི་འཚོ་བའི་འགན་སྲུང་སྒོར་མོ་ཁྲི1095ལྷག་བྱིན་པ་དང་།  མི་རེར་ཟླ་རེར་ཆ་སྙོམས་ཁ་གསབ་བྱེད་པའི་ཚད་གཞི་སྒོར་མོ18ལ་བསླེབས།  རྒན་གསོ་དང་།  སྨན་བཅོས་འགན་སྲུང་གི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད།  ཁེ་ལས་ནས་ལས་འཁྱུར་ངལ་གསོ་བྱས་པའི་དཀའ་ངལ་ཅན་གྱི་མིའི་རྨང་གཞིའི་རྒན་གསོ་དང་།  སྨན་བཅོས་འགན་སྲུང་གནད་དོན་ཐག་གཅོད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག