མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱིས“1·18”ས་འགུལ་ཁྲོད་ཀྱི་གནོད་ཐེབས་མང་ཚོགས་ལ་བཀོད་སྒྲིག་འོས་འཚམ་བྱས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་དཀར་མཛེས།  2013-01-22 11:14

     ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་བར་དུ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་དཔལ་ཡུལ་རྫོང་དང་ཞིན་ལུང་རྫོང་གཉིས་ཀྱི་གནོད་ཐེབས་ས་ཁུལ་ལ་བབ་བསྟུན་རྒུད་སྐྱོབ་མ་དངུལ་སྒོར་ཁྲི170(དེའི་ནང་དཔལ་ཡུལ་རྫོང་ལ་སྒོར་ཁྲི150དང་ཞིན་ལུང་རྫོང་ལ་སྒོར་ཁྲི20ཡོད)མཁོ་འདོན་བྱས། དཀར་མཛེས་ཁུལ་ས་འགུལ་གནོད་སེལ་བཀོད་འདོམས་པུའུ་ཡིས་སྲིང་བལ་སྦྲ་གུར300དང་སྲིང་བལ་ཉལ་ཆས2000། དེ་མིན་སྲིང་བལ་གྱོན་གོས500དང་ལག་འཁྱེར་གློག་ཞུ2400བཅས་གསར་དུ་གཏོང་སྤྲོད་བྱས་ཤིང་དེ་དག་གནོད་ཐེབས་ས་ཁུལ་དུ་སྐྱེལ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག