མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རྩོམ་པ་པོ། བསམ་འཕེལ་ནོར་བུས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2011-02-23 10:33

ས་གནས་མང་ཚོགས་ལ་ནད་ཡམས་སྔོན་འགོག་ཐད་ཀྱི་དྲིལ་བསྒྲགས་ལོ་ཐོ་སྟེར་བཞིན་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས“ཚོགས་ཆེན་གཉིས”བསྡུ་ལ་ཉེ་བའི་སྐབས་སུ། རྔ་བ་རྫོང་མི་དོན་ཅུའུ་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཚན་རྩལ་ཅུའུ། ནད་ཡམས་ཚོད་འཛིན་ལྟེ་གནས་སོགས་སྡེ་ཁག་གིས་རྫོང་འདིའི་སྤྲོ་གསེང་ཐང་ཆེན་དུ་ཡུལ་དངོས་ནས་ཞབས་ཞུ་བྱེད་པའི་བྱ་འགུལ་སྤེལ་ནས། ཞིང་སྡེ་གསར་བའི་རྒན་གསོའི་འགན་སྲུང་དང་། འདུས་འདྲིལ་གཅོང་ནད་སྔོན་འགོག་སོགས་དྲིལ་བསྒྲགས་ཡིག་ཆ་རིགས་སྣ་ཚོགས་དང་ལོ་ཐོ་ས་དེ་གའི་མང་ཚོགས་རྣམས་ལ་སྦྱིན་པ་རེད།   །