མདུན་ཤོག- གསར་འགྱུར།- བོད་ཁུལ་གསར་འགྱུར།- སི་ཁྲོན།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

བསམ་འཕེལ་ནོར་བུས་བསྒྱུར།  ཞིན་ཧྭ་དྲ་བའི་རྔ་བ་ཡན་ལག་དྲ་ཚིགས།  2009-12-30 11:22

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས27ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་རིག་གནས་ཐིན་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི"རིག་གནས་འཁྲབ་སྟོན་རླངས་འཁོར།"དང་། "རིག་གནས་ཀྱིས་སྤྲོ་དགའ་སྟེར་བ·རྩེ་གཅིག་གིས་ཁྱིམ་གཞི་སྐྲུན།"དང་། "གདང་ལའི་བསིལ་རླུང་སྒྱུ་རྩལ་ཚོགས་པ"མཛའ་གཞས་ཀྱི་གྲོང་ཁྱེར་ཞེས་སྙན་པའི་གྲགས་པ་གང་སར་ཁྱབ་པའི་དར་རྩེ་མདོ་ལ་སླེབས་ནས་འཚམས་འདྲིའི་འཁྲབ་སྟོན་བྱས། དར་མདོའི་མཛའ་གཞིས་ཐང་ཆེན་དུ་ཚང་མར་རྒྱུས་མངའ་ཡོད་པའི《དར་མདོའི་མཛའ་གཞས》ཀྱི་གདངས་དབྱངས་སྙན་མོ་གྲགས་ཡོང་བས།  དེ་གའི་སྐྱེ་ཕོ་མོ་རྒན་གཞོན་ཚང་མས་མགྲིན་གཅིག་ཏུ་མཛའ་གཞས་སྙན་མོ་དེའི་དབྱངས་རྟ་ངག་ལ་གྱེར། གདངས་སྙན་པའི་གླུ་སྐད་རེ་རེ་ཡིས་མཛའ་གཞས་གྲོང་ཁྱེར་འདིའི་བར་སྣང་གང་བ་དང་། གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཀུན་ལ་བཀྲ་ཤིས་བདེ་སྐྱིད་ཡོང་བའི་སྟོད་སྨོན་ཕུལ།    །

"གདང་ལའི་བསིལ་རླུང་སྒྱུ་རྩལ་ཚོགས་པས"དར་རྩེ་མདོ་རུ་འཁྲབ་སྟོན་བྱེད་བཞིན་པ།

"གདང་ལའི་བསིལ་རླུང་སྒྱུ་རྩལ་ཚོགས་པའི"བློ་མཐུན་ལིས་ཅིན་གྱིས་ས་གནས་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཐེབས་རྩ་འཛུགས་པར་ཞལ་འདེབས་ཕུལ་བ།

སྡེ་བའི་ཀྲུའུ་པུའུ་ཧྲུའུ་ཅི་ཡིས་འཁྲབ་སྟོན་བྱས་ནས་དམངས་ཡོངས་ཀྱི་སེམས་འདུན་མཚོན།

ཚང་མས་མགྲིན་དབྱངས་གཅིག་གིས《དར་མདོའི་མཛའ་གཞས།》ཞེས་པའི་མཛའ་གཞས་ངག་ལ་གྱེར་བཞིན་པ།

ལུས་ལ་གཟབ་ཆོར་སྤྲས་པའི་བོད་རིགས་བྱིས་པ།

བྱིས་པ་ཚོས་འཁྲབ་སྟོན་ལ་དགའ་འབོད་བྱེད་བཞིན་པ།