མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་བཙུགས་ནས་ལོ་གོ་བདུན་ལོན་པར་རྗེས་དྲན་ཞུ་བའི་ཏང་ནང་ཁུལ་ལ་གཟེངས་བསྟོད་བྱེད་པ་དང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བདུན་གཅིག་ཏང་འཛུགས་དུས་ཆེན་གྱི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་བཙུགས་ནས་ལོ་གོ་བདུན་ལོན་པར་རྗེས་དྲན་ཞུ་བའི་ཏང་ནང་ཁུལ་ལ་གཟེངས་བསྟོད་བྱེད་པ་དང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཉིས་སྟོང་བཅུ་བདུན་ལོའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཡུས་ཚུང་ལི་ཡིས་བསྟན་དོན། དུས་རབས་གསར་བའི་ནང་ལ་ཁག་ཁུར་གྱི་བྱེད་སྟངས་གསར་བ་འཛིན་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་བཟུང་བའི་རེ་ལྟོས་དང་བཏོན་པའི་བླང་བྱ་གལ་ཆེན་ཡིན། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོད་པ་དང་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། རྒྱུན་འཁྱོངས་བྱེད་དགོས་པ་ལྔ་གཞི་རྩའི་ཆོས་ཉིད་དུ་འཛིན་པ། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ས་གནས་དང་སྡེ་ཁག་སོ་སོའི་ནང་སྤེལ་ཏེ། རྩ་བ་ཚུགས་ཤིང་རྩེ་མོ་རྣམ་པར་རྒྱས་པ་ལ་འབད་དགོས་ཟེར།

གྲོས་ཚོགས་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་དང་། ངེས་པར་དུ་བཅུའི་གཏན་འབེབས་ཞེས་པ་གཉིས་དཀྱིལ་སྙིང་དུ་བཟུང་ནས་ཆེད་དོན་སློབ་སྦྱོང་བགྲོ་གླེང་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།