2022ལོ་ནས2023ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས16ཉིན། 2022ལོ་ནས2023ལོའི་བར་གྱི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས། ཆིང་ཧྭ་སློབ་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཆིའུ་ཡུང་དང་། ཧྲེང་ཀྲང་གཞོན་པའ་ཞིང་ཆེན་ཏང་ཨུའི་སློབ་གསོ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱང་ཀྲི་ཝུན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་སློབ་གཙོའམ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཕུའུ་ཐེ། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིན)སློབ་གཙོའམ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་སུན་ཡིའུ་ཧུང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཀྲེན་པིན་བཅས་ཕེབས་པ་དང་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཆིང་ཧྭ་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིན)ཧྭ་ཤར་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། པེ་ཅིན་རྫས་འགྱུར་བཟོ་ལས་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་ངོ་སྤྲོད་བྱས་པ་རེད། མཚོ་སྔོན་སློབ་ཆེན་གྱིས་སོ་སོར་མཐོ་སློབ་དང་དེ་བཞིན་འགག་གསུམ་སྡེ་ཚོགས་དང་གྲོས་མཐུན་བཞག་པ། ཚོགས་ཞུགས་མགོ་ཁྲིད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གནོན་སྐྱུང་མཁའ་རླུང་གསོག་འཇོག་གཙོ་གནད་ཚོད་ལྟ་ཁང་དང་། ཀྲུང་གོའི་འགག་གསུམ-མཚོ་སྔོན་སློབ་ཆེན་གྱི་གནོན་སྐྱུང་མཁའ་རླུང་གསོག་འཇོག་མཉམ་འབྲེལ་ཚོད་ལྟ་ཁང་། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཞིས་ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་བཅས་སུ་སྒོ་བྱང་ཕྱེ་བ་རེད།

ཚོགས་འདུའི་སྟེང་སྔར་ལས་མཐོ་བའི་གནས་བབ་ལ་གཞི་ཚུགས་པ་དང་། སློབ་གསོའི་སྟོབས་ཆེའི་རྒྱལ་ཁབ་ལ་དམིགས་པ། ཁ་གཏད་རོགས་སྐྱོར་གྱི་བྱེད་ཐབས་གསར་གཏོད་སྔར་ལས་ལྷག་པ་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་རིམ་པ་གཏིང་ཟབ་ཏུ་གཏོང་བ། དུས་རབས་ཀྱི་བླང་བྱ་དང་དེ་བས་འཚམ་པའི་ཚོགས་སྒྲིག་རྣམ་པའི་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ། དུས་རབས་གསར་པའི་མཐོ་སློབ་ཀྱི་ཁ་གཏད་རོགས་སྐྱོར་གྱི་རིམ་སྤོར་པར་གཞི་ཐུན་མོང་ཐོག་གཏོད་པ་བཅས་བྱེད་དགོས། ཐོན་ཁུངས་གསབ་རེས་དང་ལེགས་ཆ་གསབ་རེས། ཁྱད་ཆོས་གསབ་རེས་བཅས་རྒྱུན་འཁྱོངས་ཀྱིས་ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་ཡང་དག་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་མཉམ་དུ་འགག་སྒྲོལ་བྱས་ཏེ་མཚོ་སྔོན་འདི་ཉིད་མཉམ་ལས་ཀྱི་མཐོ་སློབ་ཀྱི་རིགས་པའི་གཞུང་ལུགས་ལག་ལེན་ལ་རྒྱབ་སྐྱོར་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྒྱུར་ནས། ཤེས་ལྡན་པ་དང་རིག་མཛོད་ཐོན་ཁུངས་བཅས་མཚོ་སྔོན་དུ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། སངས་རྒྱས་སྐྱབས།

དཔྱད་མཆན 0 ཡོད།