མཚོ་སྔོན་གྱི་ལག་ཤེས་པ75རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་ཁྲོད་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར།   ཟླ9པའི་ཚེས16ཉིན་མཚོ་སྔོན་ཞིང་ཆེན་གྱི་ལག་ཤེས་པ75རྒྱལ་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་ལ་ཞུགས།     

ཟླ9པའི་ཚེས16ཉིན་རྒྱལ་ཡོངས་ཀྱི་ནུས་རྩལ་ནུས་འགྲན་བསྡུར་སྐབས་གཉིས་པ་ཐེན་ཅིན་གྲོང་ཁྱེར་དུ་དངོས་སུ་སྤེལ་མགོ་ཚུགས་པ་དང་། དེ་ནི་མིག་སྔར་བར་རང་རྒྱལ་དུ་འགྲན་བསྡུར་གྱི་ཚད་གཞི་ཆེས་མཐོ་བ་དང་འགྲན་བསྡུར་རྣམ་གྲངས་ཆེས་མང་བ།   འགྲན་བསྡུར་གཞི་ཁྱོན་ཆེས་ཆེ་བ།    ནུས་རྩལ་ཆུ་ཚད་ཆེས་མཐོ་བ།   ཤུགས་རྐྱེན་ཁྱབ་ཁོངས་ཆེས་ཆེ་བ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཞིག་རེད།     

ཟླ9པའི་ཚེ16ནས་ཚེས19ཉིན་བར་གྱི་འགྲན་བསྡུར་ནང་མཚོ་སྔོན་ཞིང་ཆེན་གྱི་ལག་ཤེས་པ75སྐྱེལ་འདྲེན་དང་ཟོག་འགྲེམས་དང་།    གྲུབ་ཚུལ་དང་བཟོ་སྐྲུན་ལག་རྩལ།    བཟོ་སྐྲུན་དང་ལས་གཞིའི་ལག་རྩལ།    ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ།    གསར་གཏོད་སྒྱུ་རྩལ་དང་དར་སྲོལ།    སྤྱི་ཚོགས་དང་མི་སྒེར་གྱི་ཞབས་ཞུ་སོགས་རྣམ་གྲངས65ཡི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་འཛམ་གླིང་འགྲན་བསྡུར་གྱི་རྣམ་གྲངས37དང་རྒྱལ་ཁབ་འགྲན་བསྡུར་གྱི་རྣམ་གྲངས28།     མི་གཅིག་གི་རྣམ་གྲངས55དང་མི་གཉིས་ཀྱི་རྣམ་གྲངས10ཡོད་པ་རེད།     འགྲན་ཞུགས་ལག་ཤེས་པ75ཡི་ཁྲོད་སྐྱེས་པའི་ལག་ཤེས་པ63དང་བུད་མེད་ལག་ཤེས་པ12ཡོད་པ་དང་།     སློབ་མའི་ལག་ཤེས་པ42། ལས་བཟོ་བའི་ལག་ཤེས་པ33བཅས་ཡོད།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།