མཚོ་སྔོན་གྱིས་འཛམ་གླིང་གི་རྐང་མར་ཞལ་འདེབས་མཁན་ཉིན་མོའི་བྱེད་སྒོ་ཐེངས་དགུ་པ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མི་ཆོས་དང་བྱམས་བརྩེ། བྱས་རྗེས་འཇོག་པ”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་པོ་ཁྲག་གསོའི་ཕྲ་ཕུང་གཙོ་བོར་ཞལ་འདེབས་འབུལ་བའི་ལས་དོན་ཁྲོད་ཞུགས་པར་སྐུལ་སློང་དང་རྒྱབ་སྐྱོར་བྱ་ཆེད། ཟླ9པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཙོ་སྒྲུབ་བྱས་པ་དང་།  ཀྲུང་གོ་ཁྲག་གསོའི་ཕྲ་ཕུང་ཞལ་འདེབས་མཁན་གྱི་རྒྱུ་ཆ་མཛོད་ཕུག་མཚོ་སྔོན་ཞིང་ཆེན་ཡན་ལག་མཛོད་ཕུག་གིས་སྒྲུབ་འགན་འཁུར་བའི“ཞལ་འདེབས་མཁན་ཁྱེད་ལ་ཐུགས་རྗེ་ཆེ་ཞུ”ཞེས་པའི“འཛམ་གླིང་གི་རྐང་མར་ཞལ་འདེབས་མཁན་ཉིན་མོ”ཐེངས་དགུ་པ་དང་དང་བླངས་པའི་གཏམ་རྒྱུད་མཉམ་སྤྱོད་ཆེད་དོན་བྱེད་སྒོ་ཟི་ལིང་དུ་སྤེལ། 

རྒྱུས་ལོན་བྱུང་པ་ལྟར་ན།  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས2005ལོའི་ཟླ4པར་ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་བའི་ལས་དོན་སྤེལ་བ་ནས་བཟུང་།  མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་དང་བླངས་པ་ཁྲི2.9ལྷག་ཀྲུང་གོའི་ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་མཁན་གྱི་རྒྱུ་ཆའི་མཛོད་ཕུག་ནང་ཞུགས་ཏེ། ཁྲག་གསོའི་ཕྲ་ཕུང་གཙོ་བོ73བདེ་བླག་ངང་ཞལ་འདེབས་བྱས།  

བྱེད་སྒོའི་ཁྲོད་དུ།  རྒྱལ་ཡོངས་ཀྱི་རིན་མེད་ཁྲག་སྦྱིན་བྱ་དགའི་ཚེ་གང་མཚན་སྙན་བྱ་དགའ་ཐོབ་མཁན་དང་། མཚོ་སྔོན་ཞིང་ཆེན་གྱི་ཨང43པ། མཚོ་སྔོན་ཞིང་ཆེན་གྱི་གནས་གཏན་འཁེལ་གྱིས་འཚོལ་བསྡུ་བྱས་པའི་སྨན་ཁང་གི་གཉེན་ཉེ་མ་ཡིན་པའི་ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་མཁན་གྱི་དང་བླངས་པ་ཐོག་མ། ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་མཁན་ཨང56པ་དང་ཨང64པ་སྟེགས་བུའི་ཐོག་སོང་ནས་རང་ཉིད་དང་ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་མཁན་དང་རིན་མེད་ཁྲག་སྦྱིན་གྱི་ལས་དབང་གི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་། རང་ཉིད་ཀྱིས་སྤྱི་ཕན་ལས་དོན་ལ་ཞལ་འདེབས་ཕུལ་བའི་ངོས་འཛིན་དང་བརྩེ་སེམས་གླེང་།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། “གོ་རིམ་རྗེས་མར།  ང་ཚོས་མུ་མཐུད་དུ་ཁྲག་གསོའི་ཕྲ་ཕུང་ཞལ་འདེབས་ཕུལ་མཁན་གྱི་དང་བླངས་པའི་དཔུང་སྡེ་དྲིལ་སྒྲོག་དང་སྟོབས་ཤུགས་ཇེ་ཆེར་གཏོང་པ་དང་།  ཁྲག་གི་གསོ་རླུང་བསྡུ་ལེན་བྱས་ནས་མཛོད་ཕུག་ནང་འཇུག་ཚད་ཇེ་མཐོར་བཏང་སྟེ་ཁྲག་གསོའི་ཕྲ་ཕུང་རྒྱལ་ཁའི་ངང་ཞལ་འདེབས་ཕུལ་མཁན་ཇེ་མང་དུ་གཏོང་རྒྱུ་མངོན་འགྱུར་བྱུང་བ་དང་།   མི་སྔར་ལས་མང་པོ་ཀྲུང་ཧྭ་རྐང་མར་མཛོད་ཕུག་ནང་ཞུགས་ནས་ཁྲག་ནད་ཕོག་མཁན་སྔར་བས་མང་པོ་ཞིག་ལ་གསོན་པའི་རེ་བ་སྦྱིན་པར་རེ་སྒུག་བྱས་ཡོད་ཅེས་བཤད།  །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།