ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་གསར་སྐྲུན་བྱེད་པའི་སྐོར་གྱི་མཆན་བཀོད་གལ་ཆེན་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། བརྗོད་དོན་ལ“ལྗང་མདོག་ཐཱན་ཉུང་དང་། རིག་ནུས་ཀྱིས་མ་འོངས་གསར་སྐྲུན”ཞེས་པའི2023ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཟི་ལིང་དུ་མགོ་བརྩམས།
ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཞིང་ཆེན་དང་པུའུ་གཉིས་ཀྱི་མཉམ་སྐྲུན་བྱས་པའི་རྒྱལ་ཁབ་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་དམ་འཛིན་བྱས་ཏེ། “རྒྱལ་སྤྱི་ཅན་དང་མཐོ་རིམ་ཅན། ཆེད་ལས་ཅན། ཁྱད་ལྡན་ཅན། ཞིབ་ཚགས་ཅན”གྱི་བླང་བྱར་དམིགས་ནས། རྒྱལ་སྤྱིའི་ཤན་ཤུགས་དང་ལས་རིགས་སྣེ་ཁྲིད་ནུས་པ་དང་། ཟོང་རྟགས་ཀྱི་མཚན་སྙན་བརྗེ་རེས་སྟེགས་བུ་གསར་སྐྲུན་བྱེད་པ་དེ་ཡིན།
མགོ་རྩོམ་མཛད་སྒོའི་སྟེང་། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་མཚོ་ནུབ་ནུས་ཁུངས་མང་པོའི་ཁ་གསབ་དཔེ་སྟོན་རྟེན་གཞིའི་ལས་གཞི་དང་། ཐེན་ཧུ་འོད་ནུས་མཚོ་སྔོན་རྟེན་གཞི་ཆེན་པོ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་འོད་ནུས་དབུལ་སྐྱོར་གློག་འདོན་ལས་གཞིར་སྐུད་ལམ་སྦྲེལ་པ་དང་། ཚོགས་ཞུགས་སྐུ་མགྲོན་གྱི་འཐུས་ཚབ་དང་། ཆེད་མཁས་པར་རང་ཞིང་གིས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་མངོན་རྒྱུ་རེད། དུས་མཚུངས་སུ་ལྗང་མདོག་གློག་གི་གསར་སྐྲུན་གྲུབ་འབྲས་ཁྱབ་བསྒྲགས་དང་། ཐཱན་ཉུང་ཐོན་རྫས་ར་སྤྲོད་བྱ་རྒྱུ་རེད། བརྗོད་དོན་གཏམ་བཤད་ཀྱི་གོ་རིམ་དུ། སྐུ་མགྲོན་མང་པོ་དང་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ། དེ་མིན་འབྲེལ་ཡོད་ཆེད་མཁས་པས་རྣམ་པ་གསར་བའི་གློག་ཤུགས་མ་ལག་འཛུགས་སྐྲུན་དང་། རྣམ་པ་གསར་བའི་ནུས་ཁུངས་གསོག་ཉར་འཕེལ་རྒྱས། ནུས་ཁུངས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ནས་ཐབས་འདོན་ཇུས་འབུལ་བྱ་རྒྱུ་རེད།
གླེང་སྟེགས་ཀྱི་ཉིན་དེར། ད་དུང་མཚོ་སྔོན་ཞིང་ཆེན་དང་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཚད་ཡོད་ཀུང་སི་གཉིས་ཀྱི་མཉམ་ལས་གྲོས་གཞིར་མིང་རྟགས་འགོད་རྒྱུ་དང་། མཚོ་སྔོན་སྣུམ་ཞིང་ན་གོར་མོའི་འབར་ཆས་ཡང་བསྐྱར་མགོ་རྩོམ་པ་དང་། ནུས་ཁུངས་གསར་བའི་ལས་གཞིའི་མགོ་རྩོམ་མཛད་སྒོ་སྤེལ་རྒྱུ་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
2023ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཚེས15ཉིན་ཟི་ལིང་དུ་མགོ་བརྩམས།