མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྐྱོང་དང་གཙོ་གནད་བྱ་བར་སྐུལ་འདེད་བཀོད་གཏོང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་པའི་བྱེད་པའི་གནད་དོན་བཅོས་སྐྱོང་དང་གཙོ་གནད་བྱ་བར་སྐུལ་འདེད་བཀོད་གཏོང་ཚོགས་འདུ་བསྡུས། ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་ཀྱི་གསུང་བཤད་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལ་ལག་ལེན་དོན་འཁྱོལ་དང་། ཧུར་ཐག་གིས་འབད་འབུངས་དང་། གནད་དོན་བཅོས་སྐྱོང་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་ཏེ། མཁྲེགས་གཏོར་ལས་རྣམ་པར་རྒྱལ་ཁབ་ཁག་ཐེག་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། 

ཁྲེན་ཀང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱ་བ་ལེགས་པོར་སྒྲུབ་པ་ནི་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཕྱིར་འབུད་པའི་ལམ་མེད་ཅིང་། ཆ་རྐྱེན་བཤད་མི་རུང་ལ། ཆོད་སེམས་དང་བློ་སྤོབས་ཀྱིས། རྩ་བ་ནས་རྣམ་པ་བསྒྱུར་དགོས། “ཉིན་བརྒྱའི་མཁྲེགས་གཏོར་བྱ་འགུལ”དོན་འཁྱོལ་བྱེད་པ་དང་། “ཡི་གེ་གཅིག་དང་རྩིས་ཐོ་གཅིག ཁས་ལེན་གཅིག”གི་བླང་བྱ་ལྟར། མི་འདང་ས་ཁ་གསབ་དང་། ཞན་ཆ་ཇེ་དྲག་ཏུ་གཏོང་བ། གྲུབ་འབྲས་སྲ་བརྟན་དང་། སྤུས་ཚད་མཐོར་འདེགས་སུ་བཏང་ནས། སྡེབ་སྒྲིག་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། བརྒྱུད་སྒྲོག་གནོན་ཤུགས་སྟེར་བ་དང་། གནད་དོན་ཐག་གཅོད་སྐུལ་འདེད་གཏོང་དགོས། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སྐོར་རིམ་གཉིས་པའི་བརྗོད་དོན་སློབ་གསོ་དང་སྤྱོད་སྟངས་འབུར་ཐོན་གནད་དོན་བཅོས་སྐྱོང་དང་ཟུང་འབྲེལ་སྒོས། སྤྱོད་སྟངས་ལེགས་པོ་དང་། གནས་སྐབས་སུ་དམག་འཐབ་ཀྱི་རྣམ་འགྱུར་གྱིས། རྣམ་པར་རྒྱལ་བའི་ཆོད་སེམས་དང་། བྱ་བའི་ཁྲོད་ཀྱི་དཀའ་ཁག་ལ་འཐབ་རྩོད་བྱས་ཏེ། བྱེད་སྟངས་མི་ལེགས་པ་དང་མི་སྒྲུབ་པར་འཐབ་རྩོད་བྱས་ཏེ། བྱ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། དུས་ཚོད་ཁོང་དུ་ཆུད་པར་བྱས་ནས། མགོ་ཁྲིད་ལས་བྱེད་པའི་སྔོན་ལ་དཔེ་སྟོན་དང་། དངོས་སུ་དོ་དམ་དང་མཐའ་འཁྱོལ་བར་བྱས་ནས། གཞི་རིམ་ཡུལ་དངོས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། བྱ་བར་སྐུལ་འདེད་གཏོང་བ་དང་། བྱ་བ་སྔར་ལས་ཞིབ་ཚགས་དོན་དངོས་སུ་སྒྲུབ་པར་བྱེད་དགོས། ལས་འགན་དོན་འཁྱོལ་གཟབ་ནན་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་ཞང་སྡེ་བ་རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱས་ཏེ། ལས་རིགས་འགན་འཁྲི་དོན་འཁྱོལ་ཤུགས་བསྣན་ནས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་། སྡེ་སྡོད་བྱ་བའི་རུ་ཁག་གི་ཉིན་རྒྱུན་གྱི་དོ་དམ་ཤུགས་དྲག་ཏུ་བཏང་ནས། རྗེས་འདེད་ཕན་འབྲས་དང་། གནད་འཁེལ་དཔྱད་ཞིབ་དང་སྐུལ་འདེད་འགན་སྲུང་བྱས་ཏེ། སྤུས་ཚད་དང་ཚད་གཞི་མཐོ་བའི་སྒོ་ནས་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས་ཞེས་བསྟན། 

ཝུའུ་ཞའོ་ཅུན་གྱིས་ཆབ་སྲིད་ལངས་ཕྱོགས་མཐོ་བ་དང་རྣམ་འགྱུར་ནན་མོ། བྱེད་ཐབས་ནུས་ལྡན་གྱིས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། ལས་འགན་དོན་འཁྱོལ་དམ་འཛིན་བྱས་ཏེ། ས་གནས་ཀྱི་ལས་འགན་གཟབ་ནན་དུ་གཏོང་བ། ལས་རིགས་སྡེ་ཁག་གི་འགན་འཁྲི་དང་། སྡེ་སྡོད་རོགས་སྐྱོར་འགན་འཁྲི་གཟབ་ནན་བྱས་ཏེ། བྱ་བ་སོ་སོ་སྔར་ལས་གཏིང་ཟབ་དང་ཞིབ་ཚགས་སུ་གཏོང་དགོས། ཡོང་སྒོ་འཕར་སྣོན་བྱ་བར་དམ་འཛིན་བྱས་ཏེ། ཡོང་སྒོ་འཕར་སྣོན་བྱེད་ས་གསར་བ་གསོ་སྐྱོང་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་མུ་མཐུད་ནས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། ལས་འགན་དམ་འཛིན་དང་། ཁྱོན་ཡོངས་ནས་འགུལ་རྣམ་ལྟ་སྐུལ་ཚད་ལེན་དང་རོགས་སྐྱོར་སྒྲིག་སྲོལ་དོན་འཁྱོལ་བྱེད་པ་དང་། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་སྲ་བརྟན་མཐོར་འདེགས་སུ་གཏོང་དགོས། ཐོན་ལས་རོགས་སྐྱོར་དམ་འཛིན་བྱེད་པ་དང་། ཁྱོན་ཡོངས་ནས་ཞིང་འབྲེལ་ཞིང་ཁྲིད་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ་དང་། ཐོན་ལས་རིམ་འཕར་ལ་སྐུལ་འདེད་དང་། ཕན་ནུས་མཐོར་འདེགས་སུ་གཏོང་དགོས། ལས་གནས་ལས་ཞུགས་དམ་འཛིན་བྱས་ཏེ། ལས་གཉེར་གཞི་ཁྱོན་གཏན་འཇགས་སུ་གཏོང་བ་དང་། ལས་ཞུགས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་ནས། གཙོ་གནད་ཚོགས་པའི་ལས་ཞུགས་དམ་འཛིན་བྱེད་དགོས། རོགས་སྐྱོར་དམ་འཛིན་དང་། ཐོན་ལས་མཉམ་ལས་ཞིབ་ཚགས་སུ་གཏོང་བ། ཐོན་ཁུངས་ཕན་ཚུན་ཁ་གསབ་དང་། ངལ་རྩོལ་མཐུད་སྦྲེལ། འཇོན་མིའི་བརྗེ་རེས་དམ་འཛིན་བྱེད་དགོས། ལས་གཞིའི་མ་རྩའི་ལྟ་སྐུལ་དོ་དམ་དམ་འཛིན་བྱས་ནས། མ་དངུལ་བདེ་འཇགས་བེད་སྤྱོད་ལ་ཁག་ཐེག་བྱེད་དགོས། ཞིང་སྡེ་འཛུགས་སྐྲུན་དང་ཞིང་སྡེ་བཅོས་སྐྱོང་དམ་འཛིན་བྱས་ཏེ།བདེ་སྡོད་དང་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱས་ནས། རོང་འབྲོག་དམངས་ཀྱི་བདེ་སྡོད་ལ་ཁག་ཐེག་དང་། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ཡོང་བར་བྱེད་དགོས་ཞེས་བསྟན། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཕན་ནུས་ལྡན་པའི་མཐུད་སྦྲེལ་ལྟ་སྐུལ་རོགས་སྐྱོར་སྤེལ་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་དང་། མཚོ་ལྷོ་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོས་ལས་འགན་དོན་འཁྱོལ་མཐུད་སྦྲེལ་དང་། གནད་དོན་བཅོས་སྐྱོང་གི་གནས་ཚུལ། ལོ་རེའི་གཙོ་གནད་བྱ་བའི་སྐུལ་འདེད་གནས་ཚུལ་ཡར་ཞུ་བྱས། 

ཚོགས་འདུས་བརྙན་རིས་ཀྱི་རྣམ་པའི་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཤིང་། གྲོང་ཁྱེར་དང་(ཁུལ)རྫོང་དང(གྲོང་ཁྱེར་དང་ཆུས)སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་གྱི་མགོ་ཁྲིད་ཝང་དབྱང་དང་ ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁུ་རེ་སུའུ་ལི་ཧན། ལིའུ་ཐའོ། དབྱང་ཀྲི་ཝུན། ལི་ཧོང་ཡ། ཧུ་ལུའུ་ཁྲུན་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཞུགས། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།