འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་གྱི་འདྲེས་མཚམས་ཏེ་རྨ་ཆུའི་འགྲམ་རྒྱུད་དུ“རྨ་ཁུགས་རྩྭ་ཐང”ཞེས་འབོད་པའི་རྩྭ་ཆུ་འཛོམས་པའི་འབྲོག་ས་ཞིག་ཡོད། མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཆགས་པའི་མདོ་གསུམ་གྲོང་ཚོ་ནི་རྩྭ་ཐང་དེའི་དབུས་རྒྱད་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། ལོ41ལོན་པའི་འབྲོག་མི་བཀྲ་ཤིས་ཆོས་འཕེལ་རང་གི་ཆུང་མ་དང་བུ་བུ་མོ་དང་མཉམ་དུ་གནས་དེར་འཚོ་བ་རོལ་བཞིན་ཡོད།
བཀྲ་ཤིས་ཆོས་འཕེལ་ཚང་གི་དབྱར་སའི་འབྲོག་ས་རྨ་ཆུ་འགྲམ་རྒྱུད་དུ་ཡོད་པ་དང་། ཁོང་གིས་ནོར300དང་ལུག400ལྷག་གསོས་ཡོད་པས་ཁྱིམ་མི་གང་བོའི་ཉིན་རེའི་འཚོ་བ་བྲེལ་འཚུབ་དང་དགའ་སྤྲོ་ནང་སྐྱེལ་པ་རེད། ཞོགས་པར་ཆུང་མ་གདུག་དཀར་སྐྱིད་དང་བུ་མོ་གཉིས་ཀྱིས་ཞོགས་ཟས་ཟས་རྗེས་འོ་མ་བཞོ་རུ་འགྲོ་ཞིང་། རྩྭ་ཆུ་འཛོམས་པའི་དུས་ལ་འོ་མའི་ཐོན་ཚད་ཅུང་མཐོ་བས་ཉིན་གཅིག་ལ་འོ་མ་རྒྱ་མ་ལྔ་བཅུ་ནས་དྲུག་བཅུ་ཙམ་ཐོན་ཐུབ། དེ་མིན་ཆུར་བ་དང་མར་བཟོས་ན་ཁྲོམ་རའི་གནས་ཚུལ་ཡག་དུས་ཉིན་གཅིག་ལ་སྒོར300ཙམ་གྱི་ཡོང་འབབ་ཡོད།
ནོར་ལུག་གི་རིན་གོང་ཡང་མཁོ་འདོན་འབྲེལ་བའི་འགྱུར་ལྡོག་ལྟར་འགྱུར་ལྡོག་བྱུང་བཞིན་ཡོད་ལ། ལུག་གཅིག་གི་རིན་གོང་སྒོར1000ཙམ་ཡིན་པ་དང་ནོར་གྱི་རིན་གོང་ཅུང་མཐོ་བ་རེད།
གནམ་གཤིས་ཇེ་འཁྱགས་སུ་ཕྱིན་ནས་སྟོན་ཟླ10པ་སླེབས་དུས། ཁོང་བཟའ་མི་གང་བོ་ཡང་དགུན་སའི་འབྲོག་སར་གནས་སྤོར་མགོ་བརྩམས་ཤིང་། ཆུང་མས་འོ་མ་བཞོ་དུས་བཀྲ་ཤིས་ཆོས་འཕེལ་ཕྱུགས་འཚོ་རུ་འགྲོ་ཞིང་། སྐབས་རེར་ཁོང་རྟ་ལ་ཞོན་པ་དང་སྐབས་རེར་སྦག་སྦག་འཁོར་ལོ་ཞོན་ནས་ཞོགས་པའི་དུས་སུ་ལས་ཀ་མགོ་བརྩམས་ཤིང་ཉི་མ་ནུབ་དུས་ངལ་གསོ་པ་རེད།
ད་ལྟ་བདེ་སྐྱོང་ལེགས་ཞིང་སྐྱེ་ཁམས་བཟང་བས། བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་ཟོག་མི་གཞན་གྱིས་རྐུ་བར་སྐྲག་མི་དགོས་ལ་གཙོ་བོ་སྤྱང་གི་ལ་སྐྲག་པ་ཡིན། ལོ་མང་པོའི་ཕྱུགས་འཚོ་བའི་ཉམས་མྱོང་གིས་ཁོང་གིས་ལུག་ཁྱུའི་ཐག་ཉེ་སར་སྤྱང་གི་ཡོད་མེད་ཚོར་ཐུབ་ལ། དངོས་གནས་མེད་ན་ཁོང་རང་ཡུལ་ལ་དྲོས་ཇ་འཐུང་དུ་སོང་ཆོག གལ་ཏེ་ཁོང་གིས་མངོན་མེད་ཉེན་ཁ་ཡོད་པར་འདོད་ན་ཁོང་གིས་རང་གི་ཁྱེར་ཡོང་བའི་བྲོ་ཟ་བཞིན་ལུག་སྲུང་ནས་བསྡད་པ་རེད།
བཀྲ་ཤིས་ཆོས་འཕེལ་གྱི་བུ་བསོད་ནམས་རྒྱལ་མཚན་ད་ལོར་ལོ20ལོན་པ་དང་། ཁོས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་སློབ་རིམ་གཉིས་པ་འགྲིམ་བཞིན་བྱིས་གསོའི་ཆེད་ལས་སྦྱངས་བཞིན་ཡོད། ཁོ་ལ་འབྲིང་རིམ་ཆེད་ལས་སློབ་གྲྭ་མཐར་མ་ཕྱིན་སྔོན་དུ་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་པའི་འཆར་གཞི་ཡོད། ལོ18ལོན་པའི་བུ་མོ་རིན་ཆེན་སྒྲོལ་མས་རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་ནས་སློབ་གྲྭ་འགྲིམ་བཞིན་ཡོད་ལ། དབྱར་གནང་རྗེས་སུ་མཐོ་འབྲིང་གསུམ་པར་ཐོན་པས་སྦྱངས་འབྲས་ཡག་ཅིང་།སེམས་གཅིག་གིས་ཁྲེང་ཏུའུ་རུ་སློབ་ཆེན་འགྲིམ་དུ་འགྲོ་རྩིས་ཡོད། དབྱར་གནང་སྐབས་སུ་བྱིས་པ་གཉིས་ཀྱིས་ཡུལ་ནས་ཕྱུགས་འཚོ་བའི་ལས་ལ་བྲེལ་ཞིང་། དབྱར་སའི་འབྲོག་རའི་འགྲམ་རྒྱུད་ཀྱི་རྨ་ཆུ་དལ་གྱིས་རྒྱུག་པ་དང་སྦྲ་གུར་རྩེ་མོར་དུ་བ་ལང་ལོང་དུ་འཕྱུར་བཞིན་ཡོད། འོང་བའི་ཐབ་ཀ་འགྲམ་དུ་སྡོད་ཞོར་བཀྲ་ཤིས་ཆོས་འཕེལ་གྱིས་ཁོང་རང་ད་ལྟའི་འཚོ་བར་ཡིད་ཚིམ་ཡོད་ལ། བྱིས་པ་ཚོའི་རེ་བ་གང་ཞིག་ཡོད་རུང་ཁོང་བཟའ་མི་གཉིས་ཀྱིས་རྒྱབ་སྐྱོང་གནང་བཞིན་ཡོད་ཟེར། །
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་པར་བླངས་པའི་བཀྲ་ཤིས་ཆོས་འཕེལ་བཟའ་མི་གང་བོ་ཡིན།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མས(གཡས)རང་གི་ཨ་མ་དང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མས་ནོར་བཏགས་ནས་འོ་མ་བཞོ་བར་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མས་འོ་མ་བཞོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་བསོད་ནམས་རིན་ཆེན་གྱིས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མ་གདུག་དཀར་སྐྱིད(གཡོན)འོ་མ་བཞོ་རུ་འགྲོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མ་གདུག་དཀར་སྐྱིད་ཀྱིས་འོང་བ་འཐུ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱིས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མ(གཡོན)རང་གི་སྲིང་མོ་དང་འོ་མ་བཞོ་རུ་འགྲོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མ་གདུག་དཀར་སྐྱིད(གཡས)ཀྱིས་བུ་མོའི་ལྭ་བ་ལེགས་སྒྲིག་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མ་གདུག་དཀར་སྐྱིད(གཡོན)འོ་མ་བཞོ་རུ་འགྲོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་པར་བླངས་པའི་རྨ་ཁུགས་རྟ་གསུམ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མ་འོ་མ་བཞོ་བར་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་བུ་མོ་རིན་ཆེན་སྒྲོལ་མས་ཕྱུགས་འཚོ་བཞིན་པའི་ཚུལ་རེད།
པར་འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མ་གདུག་དཀར་སྐྱིད་ཀྱིས་མར་བཟོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་པར་བླངས་པའི་བེའུ་གཉིས་ཡིན།
འདི་ནི་ཟླ8པའི་ཚེས17ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་མདོ་གསུམ་ཤང་གི་མདོ་གསུམ་གྲོང་ཚོ་རུ་བཀྲ་ཤིས་ཆོས་འཕེལ་གྱི་ཆུང་མ་གདུག་དཀར་སྐྱིད་ཀྱིས་རྟ་ལ་བདག་སྐྱོང་བྱེད་བཞིན་པའི་ཚུལ་རེད།
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
རྨ་ཁུགས་རྩྭ་ཐང་དུ་བདེ་སྐྱིད་འཚོ་བའི་འབྲོག་གླུ་ལེན་བཞིན་ཡོད།