ཀྲུང་གོ་བོད་ཀྱི་དྲ་བ།

“མཚོ་སྔོན་ཡུས་ཧྲུའུ་ཡི་བོད་རིགས་གཞོན་ནུ་ལོ་ཆུང་པེ་ཅིན་དུ་སྐྱོད”ཞེས་པའི་སྤྱི་ཕན་བྱ་འགུལ་པེ་ཅིན་དུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d01ea4a05e82db83f75581bc8ec1de9.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་ཐོན་པའི་ན་ཆུང་བྱིས་པ་ཚོས་པེ་ཅིན་སོག་རིགས་སློབ་གྲྭའི་གནས་ཡུལ་རྙིང་པ་རུ་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་དང་མཉམ་དུ་རྗེས་དྲན་གྱི་འདྲ་པར་བསྐྱོན།    ཉེ་ལམ།  མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བྱིས་པའི་ཕན་བདེ་གླིང་གི་བོད་རིགས་གཞོན་ནུ་ལོ་ཆུང40རྒྱལ་ས་པེ་ཅིན་དུ་ཐོན་ནས“གཙང་གསུམ་འབྱུང་ཡུལ·པེ་ཅིན་གི་བརྩེ་སེམས་དང་མེས་རྒྱལ་ལ་དགའ་བ་སྟེ། མཚོ་སྔོན་ཡུས་ཧྲུའུ་ཡི་བོད་རིགས་གཞོན་ནུ་ལོ་ཆུང་པེ་ཅིན་དུ་སྐྱོད”ཅེས་པའི་སྤྱི་ཕན་བྱ་འགུལ་ལ་ཞུགས་པ་རེད།     པེ་ཅིན་དུ་སྡོད་པའི་ཉིན་འགའི་ནང་ཁོ་ཚོས་སོག་རྫོང་སློབ་གྲྭའི་གནས་རྙིང་དུ་བཅར་འདྲི་བྱེད་པར་བསྐྱོད་པ་དང་།    བཟོ་པའི་ལུས་རྩལ་ཐང་དུ་གོ་ཨན་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་དང་མཉམ་དུ་སྦྱོང་བརྡར་སྤེལ་རེས་བྱས་པ་སོགས་རྒྱལ་སའི་བྱིས་པ་དང་གྲོགས་པོ་སྒྲིག་པ་དང་མཉམ་དུ་རྩེད་འཇོ་ལ་རོལ།   །   

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།