ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཐོན་ཁུངས་ཕྱོགས་བསྡུས་སྤྱོད་ཚད90%ལས་བརྒལ་བ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཞིང་ལས་སྐྱེ་དངོས་ཀྱི་སོག་མའི་ཐོན་ཁུངས་རྩིས་ཐོའི་མ་ལག་ལས་མངོན་པར། 2022ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་སོག་མའི་ཐོན་འབོར་ཏུན་ཁྲི271ཟིན་པ་དང་། འཚོལ་བསྡུ་ཐུབ་པའི་ཐོན་ཁུངས་ཏུན་ཁྲི240ཟིན་པ། ལུད་རྫས་ཅན་དང་གཟན་ཆག་ཅན། འབར་རྫས་ཅན། རྒྱུ་ཆ་ཅན་སོགས་རྒྱུ་ཆ་ལྔ་སྤྱད་པའི་ཐོན་ཚད་ཁྱོན་ཏུན་ཁྲི220ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྤྱོད་ཚད90.66%ཟིན་ཡོད། 

2019ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་སོག་མ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚོད་ལྟའི་རྫོང་བསྐྲུན་ནས་བསྡོམས་པས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དང་ཞིང་ཆེན་རིམ་པའི་མ་དངུལ་བསྡོམས་པས་སྒོར་ཁྲི3357བཏང་བ་རེད། མིག་སྔར་ཚོད་ལྟའི་ཁུལ(རྫོང)གི་སོག་མ་ཞིང་ཁྱིམ་གྱི་ཁ་ཐོར་བེད་སྤྱོད་ཆུ་ཚད་དང་། ཡོང་འབབ་གསོག་སྐྱེལ་ཆེད་ལས་ཅན་གྱི་ཆུ་ཚད། “རྒྱུ་ཆ་ལྔའི”བེད་སྤྱོད་ཆུ་ཚད་བཅས་ཚང་མར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། རང་ཞིང་གི་དངོས་ཡོད་གནས་ཚུལ་དང་འཚམ་པའི་བེད་སྤྱོད་རྣམ་པ་རགས་ཙམ་ཆགས་ཏེ། རང་ཞིང་གི་ཞིང་ཕྱུགས་ལས་ལྗང་མདོག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། : ཕག་གྲུབ།