ཀྲུང་གོ་བོད་ཀྱི་དྲ་བ།

པུ་རུན་ཏི་ལ་རོགས་སྐྱོར་དུ་སོང་བའི་མཚོ་སྔོན་སྨན་བཅོས་རུ་ཁག་གིས་ས་གནས་དེའི་སྨན་ཁང་ལ་གསོ་རིག་སློབ་དེབ་ལེགས་སྐྱེས་སུ་འབུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས23ཉིན། ཀྲུང་གོ(མཚོ་སྔོན)ཐེངས21པའི་པུ་རུན་ཏི་ལ་རོགས་སྐྱོར་དུ་སོང་བའི་མཚོ་སྔོན་སྨན་བཅོས་རུ་ཁག་གིས་ས་གནས་དེའི་སྨན་ཁང་ལ《མལ་ཁྲིའི་འགྲམ་གྱི་སྒྲ་འདས་ནད་ཐོག་ཉེར་སྤྱོད་མཛུབ་སྟོན》ཞེས་པའི་གསོ་རིག་སློབ་དེབ་གནང་སྟེ། ས་གནས་དེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་འབྱུང་བར་རོགས་སྐྱོར་བྱས།

ཀྲུང་གོའི(མཚོ་སྔོན)ཐེངས21པའི་པུ་རུན་ཏིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག2022ལོའི་ཟླ7པར་པུ་རུན་ཏིར་འབྱོར་ནས། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ལས་འགན་བསྒྲུབས་པ་དང་། ས་གནས་དེའི་སྨན་ཁང་དུ་གཤགས་བཅོས་སློབ་གསོ་དང་། ཆེད་ལས་གསོ་སྦྱོང་། དཀའ་གནད་མཉམ་བཤེར་བཅས་བྱེད་སྐབས་སྨན་བཅོས་རུ་ཁག་གི་སྒྲ་འདས་རིགས་ཆེད་མཁས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གནད་དོན་ཕྱོགས་སྟོན་དང་དམིགས་ཚད་མང་པོ་བསྡུ་སྒྲིལ་བྱས་པའི་འགུལ་རྣམ་དཔྱད་དཔོག་དང་ལྟ་ཞིབ་ཚད་ལེན་གྱི་བྱ་ཐབས་ལ་བརྟེན་ནས། ས་གནས་དེའི་སྨན་དོན་མི་སྣར་ཚད་བརྒལ་སྒྲ་རླབས་ཀྱི་ནད་ཐོག་སྨན་བཅོས་ཀྱི་བརྒྱུད་རིམ་རང་བཞིན་གྱི་འགྲེལ་བཤད་དང་གསོ་སྦྱོང་བྱས་པ་དེས་ས་གནས་དེའི་སྨན་དོན་དང་སྨན་བཅོས་ཐོན་ཁུངས་ཕུན་ཚོགས་མེད་པའི་དབང་གིས་བཟོས་པའི་རྒྱུན་གཏན་གྱི་དཀའ་གནད་སེལ་བར་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱས།

རྒྱུས་ལོན་པ་ལྟར་ན།《མལ་ཁྲིའི་འགྲམ་གྱི་སྒྲ་འདས་ནད་ཐོག་ཉེར་སྤྱོད་མཛུབ་སྟོན》ཞེས་པའི་སློབ་དེབ་ལ་བསྡོམས་ས་བཅད6དངལེའུ54ཤོག་ངོས200ལྷག་ཡོད་དེ། པར་རིས་དང་ཡི་གེ་མཉམ་དུ་ལམ་ནས་ས་གནས་དེ་གའི་ནད་པར་གོ་སླ་ཞིང་བརྒྱུད་རིམ་ལྡན་པ་དང་ཆ་ཚང་བའི་སྒོ་ནས་ཉལ་ཁྲི་འགྲམ་དུ་དུས་ཐོག་ཏུ་སྒྲ་འདས་འཕྲུལ་ཆས་དབང་བོ་སོ་སོའི་མ་ལག་སྤྱོད་པའི་ཐད་ནས་ངོ་སྤྲོད་བྱས་པ་དང་། ནང་དོན་ལ་དོས་དྲག་དང་། རྨས་སྐྱོན། བྱིས་པའི་ཚན་ཁག བུད་མེད་དང་བུ་བཙའ་ཚན་ཁག་སོགས་ཆེད་ལས་དང་དེ་བཞིན་སྒྲ་འདས་སྨན་བཅོས་བྱེད་ཐབས་དང་གོ་རིམ་འདས་ཡོད། དཔེ་དེབ་དེ་ས་གནས་དེའི་སྨན་ཁང་གིས་ཚད་བརྒལ་སྒྲ་རླབས་ཀྱི་ནད་ཐོག་སྨན་བཅོས་རྩལ་ནུས་གསོ་སྦྱོང་བྱེད་པའི་ཚད་ལྡན་ཅན་གྱི་སློབ་གཞི་ཞིག་ཏུ་བརྩི་ཆོག་ལ། ས་གནས་དེའི་སྨན་དོན་མི་སྣས་རང་ཉིད་སློབ་སྦྱོང་དང་དུས་རྒྱུན་སྨན་བཅོས་བྱེད་པའི་དཔྱད་གཞིའི་ཡོ་བྱད་ཀྱི་དཔེ་དེབ་ཅིག་ཏུ་བརྩིས་ནས། ས་གནས་དེའི་སྨན་ཁང་གི་ཤེས་ལྡན་པ་གསོ་སྐྱོང་དང་། རིག་ཚན་འཕེལ་རྒྱས། གསོ་རིག་སློབ་གསོ་བཅས་ཆེད་ལས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་འགན་སྲུང་བྱས་ཡོད་པས། ས་གནས་དེའི་སྨན་ཁང་གིས་ཚད་མཐོའི་མཐོང་ཆེན་དང་གདེང་འཇོག་ཡག་པོ་ཐོབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།