ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་ཕྱོགས་བསྡུས་ལྟ་འཇལ་ཞིབ་འཇུག་ས་ཚིགས་བྱ་གླིང་དུ་སྒོ་བྱང་བཀལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས23ཉིན“ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའོ་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་མཚོ་སྔོན་པོའི་ཕྱོགས་བསྡུས་ལྟ་འཇལ་ཞིབ་འཇུག་ས་ཚིགས”དེ་མཚོ་སྔོན་པོའི་བྱ་གླིང་དུ་སྒོ་བྱང་བཀལ་ནས། ཀྲུང་གོ་ཚན་རིག་ཁང་གི་ཚན་ཞིབ་ལེགས་ཆ་དང་ས་གནས་སྡེ་ཚན་གྱི་ཐོན་ཁུངས་ལེགས་ཆ་གསབ་རེས་བྱས་ཏེ། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རླུང་ཁམས་ཆེན་པོ་དང་ཆུ་དཔྱད། སྐྱེ་ཁམས་ཕན་ཚུན་གྱི་ནུས་པ་བཅས་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་དང་ལེན་དང་ལྡོག་སྐྱེལ་སོགས་ཀྱི་ཚན་རིག་གནད་དོན་ལ་ཞིབ་འཇུག་བྱེད་པར་སྔར་ལས་ཤུགས་སྣོན་བྱས་ཤིང་། དེས་མཚོ་སྔོན་པོའི་ལྟ་ཞིབ་ཚད་ལེན་མ་ལག་སྔར་བས་འཐུས་ཚང་དུ་གྱུར་བ་མཚོན།

ལོ་མང་པོའི་རིང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་སུའོ11དང་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཉམ་འབྲེལ་ཚན་ཞིབ་རྟེན་གཞི་དང་། མཚོ་སྔོན་པོའི་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས། ཀྲུང་གོ་ཚན་རིག་ཁང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་སུའོ་མཚོ་སྔོན་པོའི་མཐོ་སྒང་གི་མཚེའུ་དང་འདམ་རའི་སྐྱེ་ཁམས་ཁོར་ཡུག་ཚན་རིག་ལྟ་ཞིབ་ཚད་ལེན་ཁང་བཅས་སྔ་རྗེས་སུ་བཙུགས་པ་རེད། ཀྲུང་གོ་ཚན་རིག་ཁང་གི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་པོའི་ཚན་ཞིབ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ཚན་ཞིབ་ལྟ་ཞིབ་ཚད་ལེན་ལས་དོན་དེ་གྲངས་འཛིན་ཅན་གྱི་དུས་རབས་སུ་སླེབས་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ཐད་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ཚན་རིག་ཅན་དང་། ཚན་ཞིབ་གྲུབ་འབྲས་ཚན་རིག་ཁྱབ་གདལ་ཅན། ཚན་རིག་ཁྱབ་གདལ་སློབ་གསོ་སྣ་མང་ཅན། མ་དངུལ་སྔོན་གཏོང་དོ་དམ་སྡེ་ཁུལ་ཅན་བཅས་ཀྱི“ཅན་བཞིའི”འཛུགས་སྐྲུན་མངོན་འགྱུར་བྱུང་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

གསར་དུ་བཙུགས་པའི་ཞིབ་འཇུག་ས་ཚིགས་ཀྱིས“རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་ཐང”བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ། གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་མཚོ་ངོས་དང་རླུང་ཁམས་ཆེན་མོའི་ནུས་པ་དང་དངོས་པོ་བརྗེ་རེས་དང་། སྐམ་ས་དང་མཚེའུ་ཡི་ཆུ་དཔྱད་དང་སྐྱེ་ཁམས་སོགས་ལྟ་ཞིབ་ཚད་ལེན་བྱ་ཡུལ་གཙོ་བོར་བྱས་ནས། ད་ཡོད་ཀྱི་ལྟ་ཞིབ་ཚད་ལེན་ཐོན་ཁུངས་བསྡུ་སྒྲིལ་དང་། ས་ཚིགས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ། ལྟ་ཞིབ་ཚད་ལེན་རྣམ་གྲངས་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། ཚན་པ་མང་པོ་དང་མཉམ་དུ་སྣོལ་མར་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་ལས་སྟེགས་བསྐྲུན་ནས། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག མཚོ་བོད་མཐོ་སྒང་བྱང་ཤར་རྒྱུད་ཀྱི་མཚེའུ་འབབ་རྒྱུད་ཀྱི་མཚོ་ངོས་ཀྱི་བརྒྱུད་རིམ་དང་ཆུའི་ཁོར་ཡུག་གིས་གནམ་གཤིས་འགྱུར་ལྡོག་ལ་ཐེབས་པའི་དང་ལེན་ལ་ཞིབ་འཇུག་དང་། མཚེའུ་དང་གནམ་གཤིས་ཕན་ཚུན་ནུས་པ་ཐོན་རེས་དང་དེ་བཞིན་ཆུའི་ཁོར་ཡུག་དང་། སྐྱེ་ཁམས། ཆུ་དཔྱད་དང་ཆུའི་ཐོན་ཁུངས་བཅས་ལ་ཤུགས་རྐྱེན་ཐེབས་པའི་ཚན་རིག་གནད་དོན་ལ་ཞིབ་དཔྱད་བྱས་ནས་ཞིབ་འཇུག་ས་ཚིགས་དེ་ཚན་རིག་ཞིབ་འཇུག་དང་། སྒོ་འབྱེད་མཉམ་ལས། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་བཅས་གཞི་གཅིག་ཅན་གྱི་ཕྱི་རོལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་གསར་པ་ཞིག་ཏུ་བསྐྲུན་པར་ཤུགས་འདོན་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།