ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཁྲལ་འཇལ་བའི་ཁྲལ་གྲོན་གྱི་དགོས་མཁོར་དམིགས་ནས། “དམངས་བདེའི་ཁྲལ་གཉེར་དཔྱིད་རླུང་འགུལ་སྐྱོད”དང“ཁེ་ལས་ལ་དྲོད་ཁོལ་སྦྱིན་པའི་དཔྱིད་རླུང་འགུལ་སྐྱོད”ལ་སྐུལ་འདེད་ཏན་ཏིག་བཏང་ནས། “ཁྲལ་གྲོན་གཉེར་བའི”ཞབས་ཞུ་གཞི་རྟེན་དུ་བྱས་ཏེ་ཁྲལ་གྲོན་སྲིད་ཇུས་གནད་སྨིན་དོན་འཁྱོལ་དང་། ཁྲལ་བསྡུའི་ཞབས་ཞུ་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་མཁོ་འདུན་མགྱོགས་མྱུར་དང་ལེན་བཅས་བྱས་ནས། ཁེ་ལས་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་རིགས་སོ་སོའི་གཉེར་སྐྱོང་གཙོ་གཞིའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱས།

        ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲལ་དོན་ལས་ཁུངས་ཀྱིས“ཁྲལ་གྲོན་གཉེར་བའི”ཁྲལ་དོན་སྡེ་ཚན་གྱི་ལེགས་ཆའི་ཞབས་ཞུའི་ཐོན་ཁུངས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ནས། གཉེར་སྐྱོང་བྱེད་པོའི་དཀའ་ངལ་སེལ་བ་དེ་ཤུགས་རྒྱག་ས་བྱས་ཏེ། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། མཚོ་ནུབ་ཁུལ་ཁྲལ་དོན་ཅུའི་ཡིས་ཁོངས་གཏོགས་ཁུལ་གྱི་ཁྲལ་འཇལ་མཁན་གྱི་དཀའ་བྲེལ་དང་རེ་སྒུག་ཆེ་བའི་གནད་དོན་ལ་དམིགས་ཏེ་ལས་ཡུལ་དང་པོར་བསྐྱོད་ནས། བཅར་འདྲི་དང་རྟོག་ཞིབ་བྱེད་པའི་རིང་ཁྲལ་འཇལ་མཁན་ལ་ཞིབ་ཅིང་ཕྲ་བའི་ཁྲལ་གྲོན་ཞབས་ཞུ་མུ་མཐུད་མཁོ་འདོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡུལ་དངོས་སུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་འོད་ཤུགས་དང་འོད་རླངས། རླུང་གློག་བཅས་ལས་རིགས་ཀྱི་ཁེ་ལས4ཡི་ཐོན་སྐྱེད་འཁོར་སྐྱོད་གནས་ཚུལ་རྒྱུས་ལོན་བྱས་པ་དང་ཁྲལ་འཇལ་མཁན་ལ《ལྗང་མདོག་ཁྲལ་གྲོན་སྲིད་ཇུས་ཀྱི་གསལ་ཐོ》དང《ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས》། “ཁྲལ་གྲོན་དོ་དམ”མིང་བྱང་སོགས་སྤྲད་དེ་ཁྲལ་འཇལ་མཁན་ལ“ཁྲལ་གྲོན་དོ་དམ་པའི”བྱེད་ནུས་དང་བཀོལ་སྤྱོད་བྱེད་སྟངས་ཞིབ་ཕྲ་དྲིལ་སྒྲོག་བྱས།

མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཁྲལ་གྲོན་སྲིད་ཇུས་དོན་འཁྱོལ་དང་། ཁྲལ་གྲོན་ལས་སྒོའི་སྒྲུབ་གཉེར། ཁྲལ་གྲོན་རེ་ཞུ་དང་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་དམིགས་ནས“ཁྲལ་གྲོན་དོ་དམ་པ”དང“མི་གཅིག་གིས་གཉེར་བའི-ཆེད་མཁས་པ་ཚོགས་པའི་འདེགས་སྐྱོར་ཐག་གཅོད་བྱེད་པའི”བྱེད་ཐབས་བརྒྱུད་མཁོ་དགོས་ཞབས་ཞུ་དང་གཅིག་སྡུད་ཞབས་ཞུ། རང་གཤིས་ཞབས་ཞུ། གསར་གཏོད་ཞབས་ཞུ་བཅས་བྱ་བའི་རྩ་དོན་བཞི་ལ་གཞིགས་ཏེ། ཁྲལ་གྲོན་ཞབས་ཞུའི་གསལ་ཐོ་16བཏོན་ནས་ཞིང་ཆེན་ཡོངས་ཀྱི་ཁྲལ་འཇལ་བར་ཁྱོན་ཡོངས་ཀྱི་དུས་འཁོར་གྱི་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱས། མིན་ཡོན་རྫོང་ཁྲལ་དོན་ཅུའུ་ཡིས་ཧྥང་ཙེ་ཆུས་ཁྲལ་དོན་ཅུའུ་ཡི་སྔོན་ཐོན་ཁྲལ་འཇལ་ཞབས་ཞུའི་བྱེད་ཐབས་ནང་འདྲེན་བྱས་ནས། ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དུ“མཚོ་རླབས་ཀྱི་སྐར་ཁུང”བཙུགས་ཡོད་པ་རེད། མཚོ་ལྷོ་ཁུལ་ཁྲལ་དོན་ཅུའུ་ཡིས་དོ་དམ་པའི་བྱ་བའི་རྩིས་ཁྲ་བཟོས་ནས། “ཁྲལ་གྲོན་དོ་དམ་པའི”ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་པའི་ཁྲལ་འཇལ་བར་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། “ཁྲལ་གྲོན་དོ་དམ་པའི་འབྲེལ་གཏུག་གཱ”སྤྲད་པ་དང“ཁྲལ་གྲོན་དོ་དམ་པའི”བྱ་བའི་རྩིས་ཁྲ་བཟོས་ཏེ། ཁྲལ་འཇལ་པས་བཏོན་པའི་གནད་དོན་དུས་ཐོག་ཏུ་དང་ལེན་བྱས་པ་དང་འབྲེལ་རིམ་པ་བཞིན་ཐག་གཅོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།