ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཚོགས་པའི་གསར་སྐྲུན་མཉམ་འབྲེལ་ཚོགས་པ་དངོས་སུ་བཙུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཚོགས་པའི་གསར་སྐྲུན་མཉམ་འབྲེལ་ཚོགས་པ་ཚེས22ཉིན་དངོས་སུ་བཙུགས་པ་དང་། དེས་མདོ་ལ་རི་བོའི་ས་ཁུལ་གྱིས་དངོས་སུ་ཁྱབ་ཁོངས་རང་བཞིན་སྲུང་སྐྱོང་ཁུལ་གྱི་མཉམ་འགུལ་མཉམ་འདྲེས་དང་། མཐུན་སྦྱོར་མཉམ་སྐྲུན་གྱི་ལས་དོན་རྣམ་པ་ཆགས་ཡོད་པར་མཚོན། 

མདོ་ལ་རི་བོ་ནི་ཀྲུང་གོ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་མ་ཟད། ཀྲུང་གོའི་ཆུ་ཁུངས་གསོ་སྐྱོང་སྐྱེ་ཁམས་བྱེད་ནུས་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་འགྲོ་ཁྱབ་ཁོངས་ཡིན། ཡང་དར་གོས་འགྲུལ་ལམ་དཔལ་འབྱོར་ཁུག་དང་འཛམ་གླིང་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་གནད་འགག་ཁྱབ་ཁོངས་ཡིན་པས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་གོ་གནས་གལ་ཆེན་ལྡན། 

མཚོ་སྔོན་མདོ་ལ་རི་བོའི་ཁྱབ་ཁོངས་སུ་ཆོག་མཆན་ཐོབ་པའི་ད་ཡོད་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.91ཟིན་ཞིང་། རིམ་བརྩེགས་ནང་དུ་ཚུད་མེད་པའི་ས་བཟུང་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.46ཟིན་ནས་རྒྱལ་ཁོངས་རྒྱ་ཁྱོན་གྱི39%ཟིན་ཡོད། སྔོན་ཆད་མཚོ་སྔོན་མདོ་ལ་རི་བོའི་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་སོ་སོར་ལས་རིགས་སོ་སོའི་སྲིད་འཛིན་ཆུས་ཀྱི་དོ་དམ་དང་སྲུང་སྐྱོང་ནང་གཏོགས་པས། སྐྱེ་ཁམས་སླར་གསོ་དང་ཚན་ཞིབ་ལྟ་ཞིབ་ཚད་འཇལ་གཞི་གྲངས་མཉམ་སྤྱོད་དང་ཚན་ཞིབ་གྲུབ་འབྲས་ཕྱོགས་ནས་སིལ་སྒྱུར་ཡིན།  

རང་བྱུང་སྲུང་སྐྱོང་ཁུལ་ནི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཐེག་བྱེད་གལ་ཆེན་ཡིན་ལ། རང་བྱུང་སྲུང་སྐྱོང་ས་ཁུལ་ཚོགས་པའི་འཛུགས་སྐྲུན་དེ་མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་དང་། རང་བྱུང་ཐོན་ཁུངས་དང་ཁྱད་ཡོད་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐུན་ཁུངས་དང་ས་གཤིས་ས་དབྱིབས་མཛེས་ལྗོངས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་གསོ་སྐྱོང་། རང་བྱུང་སྐྱེ་ཁམས་མ་ལག་བདེ་ཐང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པར་ནུས་བ་གལ་ཆེན་ལྡན། 

ཀྲུང་གོ་རྒྱལ་ཁབ་ནགས་རྩྭ་ཅུའུ་སྟེ་ཞི་ཨན་བཅའ་སྡོད་ནགས་ཚལ་ཐོན་ཁུངས་ལྟ་སྐུལ་ཆེད་མི་གཞུང་ལས་ཁང་གི་ཆེད་མི་ཕན་ཙི་ལི་ཡིས་བཤད་རྒྱུར། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཚོགས་པ་གསར་སྐྲུན་མཉམ་འབྲེལ་ཚོགས་པ་བཙུགས་པ་དེས། མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཁེར་རྐྱང་ནས་ཆ་ཤས། དུམ་བར་སྲུང་སྐྱོང་ནས་ཕྱོགས་ཡོངས་དང་གཅིག་སྡུད་ཅན། ཕན་ཚུན་ཟུང་འབྲེལ་གྱི་མ་ལག་སྤྱི་ཡོངས་སྲུང་སྐྱོང་ལ་འགྱུར་ལྡོག་བྱུང་།    

མཉམ་འབྲེལ་ཚོགས་པ་དེ་གསར་སྐྲུན་བྱས་པ་དེས་སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་ལེགས་བཅོས་དང་མི་དང་ས་ཡི་འབྲེལ་བ་མཐུན་སྦྱོར་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་བ་གལ་ཆེན་ལྡན། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།