ཀྲུང་གོ་བོད་ཀྱི་དྲ་བ།

སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱས་ཏེ་འགན་འཁྲི་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་གཏོང་བ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་གཅིག་ཏུ་སྦྲེལ་བ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་པོ་དང་། ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱེད་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་ཅིང་། ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ། འགུལ་སྐྱོད་མཐུན་སྦྱོར། འཐབ་འཛིང་གི་སྟོབས་ཤུགས་ཆེན་པོ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་དངོས་གནས་གྲུབ་འབྲས་ཐོབ་པར་འབད་བརྩོན་བྱེད་དགོས།

དམག་དཔོན་ལ་བློ་གྲོས་དང་། ཡིད་ཆེས། སྙིང་རྗེ། དཔའ་ངར། གཟབ་ནན་བཅས་ཚང་དགོས། དེའི་ཁྲོད“བློ་གྲོས”ནི་དང་པོ་ཡིན། བློ་གྲོས་ལྡན་ན་ཏང་ཡོན་ལས་བྱེད་པས་ད་གཟོད་རྙོག་འཛིང་ཆེ་བའི་གནས་བབ་ཁྲོད་དཀའ་ཁག་སེལ་ཐུབ་པ་དང་། མི་གཞན་ལས་མིག་རྒྱང་རིང་ན་ད་གཟོད་དུས་བབ་དང་བསྟུན་ཤེས་ལ། ལེ་དབར་སྟོང་ཕྲག་གིས་ཆོད་ཀྱང་ཐབས་ཇུས་ལེགས་པོས་གཞན་ལས་རྣམ་པར་རྒྱལ་ཐུབ་ཚེ་ད་གཟོད་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་ཐུབ། བློ་གྲོས་ཀྱི་འབྱུང་ཁུངས་ནི་སློབ་སྦྱོང་ཡིན་ཞིང་། རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པ་བརྒྱུད་སློབ་ལ་བརྩོན་པ་དང་འདྲི་ཞིབ་བྱེད་པ། བསམ་བློ་གཏོང་བ། གསལ་འབྱེད་བྱེད་པ་བཅས་རྒྱུན་འཁྱོངས་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བར་བྱས་ན་ད་གཟོད་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་ཐུབ་པ་དང་གནས་བབ་དང་བསྟུན་ནུས།

སློབ་སྦྱོང་ནི་ལོ་བརྒྱའི་ཏང་ཆེན་གྱི་བློ་གྲོས་དང་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་དཀའ་སྡུག་གི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ། ལོ་རྒྱུས་ཀྱི་དུས་སྐབས་རེ་རེར་ང་ཚོའི་ཏང་གིས་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་དངོས་བརྒྱུད་གཉིས་ལ་མཉམ་དུ་གཙིགས་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས། གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་སྲུང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱིས་ཏང་རང་ངོས་འཛུགས་སྐྲུན་དང་བྱ་གཞག་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་རབ་དང་རིམ་པ་ཕན་ནུས་ལྡན་པའི་སྒོ་ནས་ཐག་བཅད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། རང་རེའི་ཏང་གིས་སློབ་སྦྱོང་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱས་པ་དང་། དེ་བས་ཀྱང་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡང་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་འབད་བརྩོན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རང་རྟོགས་སྒོས་སློབ་སྦྱོང་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་སྡུད་ལེན་དང་། འགན་འཁྲི་སྒྲུབ་པའི་འཇོན་ཐང་མཐོར་འདེགས་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

རྣམ་འགྱུར་ལེགས་པོས་སློབ་སྦྱོང་བྱེད་དགོས། རྣམ་འགྱུར་ནི་ཏང་གཤིས་ཀྱི་ཁྱད་ཆོས་གལ་ཆེན་ཡིན་ཞིང་། ཏང་གི་གཞི་རྩའི་གཞུང་ལུགས་དང་། ལམ་ཕྱོགས། ཐབས་ཇུས་བཅས་ལ་རྣམ་འགྱུར་ཅི་འདྲ་བཟུང་ན། ལག་ལེན་ཁྲོད་ད་གཟོད་མཇུག་འབྲས་དེ་འདྲ་འབྱུང་སྲིད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཙོ་བོར་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རང་འགུལ་གྱིས་སློབ་སྦྱོང་དང་། ནན་ཏན་སྒོས་སློབ་སྦྱོང་། སློབ་སྦྱོང་དཔྱིས་ཕྱིན་བྱེད་པ་བཅས་ཁག་ཐེག་བྱེད་དགོས། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་གནས་ལུགས་རྟོགས་པ་དང་། མ་ལག་ལྡན་པར་སློབ་པ། དཔྱིས་ཕྱིན་པར་སློབ་པ། རྗེས་བསྙེགས་ནས་སློབ་པ་བཅས་རྒྱུན་འཁྱོངས་དང་། རྒྱུན་ཆད་མེད་པར་དེའི་ཁྲོད་ནས་བདེན་དོན་གྱི་བྲོ་བ་མྱོང་བ་དང་། དད་མོས་ཀྱི་སྟོབས་ཤུགས་སྡུད་ལེན། བློ་དཀར་གྱི་གཤིས་རྒྱུད་སྦྱོང་བ་བཅས་བྱེད་དགོས། སློབ་སྦྱོང་གི་འཆར་གཞི་གསལ་པོ་བཀོད་སྒྲིག་བྱས་ཏེ། རང་སྦྱོང་དང་ཐུན་མོང་གིས་ཞིབ་འཇུག་སློབ་སྦྱོང་ནན་ཏན་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་དགོས།

དུས་བསྟུན་མདུན་སྐྱོད་ཀྱིས་སློབ་སྦྱོང་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་བསྐྱོད་གསར་པ་མངོན་འགྱུར་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་གསལ་པོ་བྱས་ཡོད་པ་དང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ལམ་གསར་པ་རབ་དང་རིམ་པ་བཏོན་ཡོད། སློབ་སྦྱོང་བྱས་པ་བརྒྱུད། ཕྱོགས་གཅིག་ནས་དགོངས་པ་འདིའི་གཞི་རྩའི་ལྟ་བ་དང་ཚན་རིག་གི་མ་ལག་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཕྱོགས་གཞན་ཞིག་ནས་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། བསམ་བློ་འདིའི་ཉིང་བཅུད་དོན་སྙིང་ལ་གོ་བ་སྔར་ལས་བཟང་པོ་ལེན་པ་བཅས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་འཇོན་ནུས་དངོས་གནས་ཁོང་དུ་ཆུད་པར་བྱེད་དགོས།

སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་ཟུང་འབྲེལ་བྱེད་དགོས། ཐོས་བསམ་སྤྱོད་གསུམ་གཅིག་ཏུ་སྦྲེལ་བ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་པོ་དང་། ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱེད་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས། མིག་སྔར། མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ད་དུང་དཀའ་ངལ་དང་འགྲན་སློང་མང་པོ་ཡོད། མཐའ་གསལ་མཐིལ་རྟོགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་སྦྱངས་པའི་འཇོན་ནུས་བྱ་བ་དངོས་ཀྱི་ཁྲོད་སྤྱད་ནས།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་མཚམས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ། དེ་བཞིན་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན།ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱས་ནས་མཚོ་སྔོན་གྱི་བྱ་བ་སོ་སོ་སྔར་ལས་ལེགས་པོར་སྒྲུབ་དགོས།

མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་མིན་ནི་རང་ཉིད་ཁོ་ནའི་བྱ་བ་མ་ཡིན་ལ། འཇོན་ནུས་ཀྱི་ཆེ་ཆུང་ཡང་རང་ཉིད་ཁོ་ནའི་བྱ་བ་མ་ཡིན་པར། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་བར་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པར་མ་ཟད། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་དེ་བྱ་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་པ་ལ་རྒྱུན་འཁྱོངས་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱེད་རྒྱུ་ནི་ང་ཚོ་ཏང་ཡོན་ལས་བྱེད་པ་ཚང་མས་སློབ་སྦྱོང་བྱེད་དགོས་པའི་རྨང་གཞིའི་ནུས་རྩལ་ཞིག་རེད། ང་ཚོས་སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལག་ལེན་བྱས་ཏེ། མུ་མཐུད་དུ་བློ་གྲོས་འཕེལ་བར་བྱས་ནས་དངོས་གནས་སློབ་སྦྱོང་གི་གྲུབ་འབྲས་དེ་འཆར་འགོད་འཕེལ་རྒྱས་ཀྱི་རིག་ལམ་དང་། བྱ་བའི་བྱེད་ཐབས་ལ་སྐུལ་འདེད་དང་བྱ་བར་མགོ་ཁྲིད་པའི་འཇོན་ནུས་ལ་བསྒྱུར་དགོས་པ་དང་། མུ་མཐུད་དུ་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། འགན་འཁུར་ཕོད་པ་དང་ནན་འཛིན་དངོས་སྒྲུབ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་དང་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།