ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་གཞིས་བཅོས་སྒྱུར་སྐུལ། སྤྱོད་གཙང་གཞུང་དྲང་གིས་བརྗོད་དོན་སློབ་གསོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་སྐྱོང་ན་ངེས་པར་དུ་སྔོན་ལ་ཏང་བཅོས་སྐྱོང་བྱེད་དགོས་ལ། ཏང་དར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ཐུབ། སྤྱོད་གཙང་སྤྱི་གཞོལ་དང་སྲོལ་གསར་འཛུགས་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གཞི་རྩའི་དམིགས་འབེན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  སྤྱོད་གཙང་སྤྱི་གཞོལ་དང་སྲོལ་གསར་འཛུགས་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོས་སྣེ་ཁྲིད་བྱས་ཏེ་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། སྤྱོད་ཚུལ་བཞི་མུ་མཐུད་ཡོ་བསྲང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ།  གཞུང་དྲང་དབང་བཀོལ་དང་། ཁྲིམས་ལྟར་དབང་བཀོལ། དམངས་དོན་དབང་བཀོལ། སྤྱོད་གཙང་དབང་བཀོལ་བཅས་སྒྲུབ་ཐུབ་པར་བྱས་ནས། དྭངས་གཙང་གི་བློ་མཐུན་འབྲེལ་བ་དང་། ཚུལ་ལྡན་གྱི་གོང་འོག་འབྲེལ་བ། དྭངས་གཙང་གཅིག་གྱུར་གྱི་གསར་དར་སྲིད་ཚོང་འབྲེལ་བ་བཅས་གྲུབ་པར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་སྐྱེ་ཁམས་ལེགས་པོ་དང་སྤྱི་ཚོགས་དར་སྲོལ་བཟང་པོའི་སྣེ་ཁྲིན་མཁན་དང་། བདག་སྐྱོང་མཁན། སྲུང་སྐྱོབ་པ་བཟང་པོ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་ལས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དངོས་འབེབས་ནན་མོ་དང་དེ་ལག་བསྟར་ཞིབ་ཚགས་བྱེད་པའི་དགོངས་དོན་འཇུག་སྒོ་རུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་དཔོན་རིགས་ནན་སྐྱོང་བྱེད་པ་གཏིང་ཟབ་ཏུ་སྤེལ་བའི་བླང་བྱ་བཏོན་ནས། མཚོ་སྔོན་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད་པས། ང་ཚོས་མིག་སྔར་སྤེལ་བཞིན་པའི་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྐྱོང་སློབ་གསོ་བརྗོད་དོན་སློབ་གསོ་དང་འདྲེས་པར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དངོས་འབེབས་སྲ་བརྟན་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་བྱེད་ཕྱོགས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས།

ཏང་སྲོལ་གནད་དོན་དེ། མི་སེམས་ཀྱི་ཕྱོགས་སར་འབྲེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ཤི་གསོན་དང་འབྲེལ་བ་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་དར་ཆ་གསལ་སྟོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་འབུར་ཐོན་གོ་གནས་སུ་བཞག་ནས་དམ་འཛིན་ལྷོད་མེད་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ཁྲོད་བཞག་ནས། གྲི་ཁ་ནང་ལ་སྐོར་བ་དང་། རུས་གཞོག་དུག་སེལ་བྱེད་པ། གཅོང་ནད་སེལ་བ། ཁྲིམས་སྐྱོང་ཟིང་བཅོས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཡུན་རིང་སྲིད་འཛིན་གྱི་མར་ཁེ་རིང་ལུགས་སྲིང་ཏང་ཇི་འདྲ་ཞིག་འཛུགས་པ་དང་། ཡུན་རིང་སྲིད་འཛིན་གྱི་མར་ཁེ་རིང་ལུགས་སྲིད་ཏང་ཇི་འདྲ་ཞིག་བཙུགས་ནས་ཆོས་ཉིད་རང་བཞིན་གྱི་འདུ་ཤེས་དེ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་ཐུབ་པར། རང་ངོས་གསར་བརྗེ་ཡི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་འཁོར་སྐྱོད་ཀྱི་ལན་གཉིས་པ་འདི་རྙེད་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་ཡུལ་ཁམས་གསར་བ་ཕྱེས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་གཏོང་ན།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ། བརྟག་ཐབས་སྨྲ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དེའི་ཁྲོད་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་རྒྱུན་འཁྱོངས་ལེགས་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་པ། དགོངས་པ་དེ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་བཀོལ་སྤྱོད་གང་ལེགས་བྱེད་པ། ཏང་ཆེན་མོ་ཁོ་ནས་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རྣམ་རིག་དང་བློ་རྩ་བརྟན་པོ་ནམ་ཡང་སྲུང་འཛིན་བྱེད་པ། གནད་དོན་གསར་བ་ཐག་གཅོད་པར་དོ་སྣང་བྱེད་པ་དང་གནས་པའི་གཏིང་ཟབ་གནད་དོན་ཐག་གཅོད་བྱེད་པར་དོ་སྣང་བྱས་ཏེ། ཏང་འདི་ཉིད་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བར་ཁག་ཐེག་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་ན་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་ན་ཡོད། སྐྱོད་ལམ་གསར་བར་བསྐྱོད་སྐབས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡང་ན་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གང་ཡིན་རུང་། ད་དུང་བརྒལ་དགོས་ས་མང་པོ་ཞིག་དང་དབང་བསྡུའི་དགོས་མཁོ་མང་པོ་ཞིག་ཀྱང་ཡོད་པས། ང་ཚོ་ཏང་འཕྲད་པའི་སྲིད་སྐྱོད་ཉམས་སད། བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་ནི་ཡུན་རིང་ཞིང་རྙོག་འཛིང་ཆེ་ལ། ལྷོག་གཡེང་གི་ཉེན་ཁ་དང་ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་བྲལ་བའི་ཉེན་ཁ། ཐ་ཤལ་རུལ་སུངས་ཀྱི་ཉེན་ཁ་བཅས་ལ་འཕྲད་པ་ཆེས་གཟབ་ནན་ཡིན་པས། ཏང་ནང་ཁུལ་དུ་གནས་པའི་མི་གཙང་བའི་ཆབ་སྲིད་དང་།ཡང་དག་མིན་པའི་བསམ་བློ། ཚུལ་མིན་གྱི་རྩ་འཛུགས། བྱེད་ཕྱོགས་མི་མཐུན་པ་སོགས་འབུར་ཐོན་གནད་དོན་ཁག་ཅིག་གཞི་རྩའི་སྟེང་ཐག་གཅོད་བྱས་མེད་པས། སྤྱོད་ཚུལ་བཞིའི་གནད་དོན་ལ་ངན་རེངས་རང་བཞིན་དང་ཕྱིར་ཐོན་རང་བཞིན་ལྡན། སྔོན་སྐྱོད་རང་བཞིན་དང་དག་གཙང་རང་བཞིན། གསོན་ཤུགས་བཅས་ནམ་ཡང་ཉམས་པ་མེད་པར་བྱེད་ན། ངེས་པར་དུ་དུས་ནམ་ཡང་ཏང་ཆེན་མོ་ཁོ་ནར་ཡོད་པའི་གནད་དོན་ཐག་གཅོད་པའི་རྣམ་རིག་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱེད་པ་དང། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ངེས་པར་དུ་དུས་ཚོད་སྐར་ཆ་ཙམ་ཡང་མི་སྡོད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས། ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་ལེགས་བསྒྱུར། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་དགོས།

བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད། སློབ་གསོའི་དག་གཙང་བསམ་བློ་གཟབ་ནན་དང་དག་གཙང་རྩ་འཛུགས་བཅོས་སྐྱོང་ནན་མོ་བྱེད་དགོས། ཏང་ཡོན་ལས་བྱེད་པ་རེ་རེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དངོས་འབེབས་བྱེད་པའི་དགོངས་དོན་ཐད་ཀྱི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་མོར་རྟོགས་པར་བྱེད་པ། ཐོས་བསམ་སྤྱོད་གསུམ་དང་ཤེས་སྤྱོད་གཅིག་གྱུར་བྱེད་པར་དམ་དུ་དམིགས་ནས། ཐོག་མཐའ་བར་གསུམ་དུ་གནད་དོན་དག་བཤེར་བྱེད་པའི་རང་རྟོགས་དང་གྲི་ཁ་ནང་ལ་སྐོར་བའི་སྙིང་སྟོབས་སྲུང་འཛིན་བྱེད་པ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་དང་བྱེད་ཕྱོགས་འཛུགས་སྐྲུན་ཇེ་དམ། དབང་ཟིལ་ལྟ་སྐུལ་བཀག་རྒྱ་གཟབ་ནན་དུ་གཏོང་དགོས། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྐྱོང་སློབ་གསོ་ནན་ཏན་སྒོས་སྤེལ་ཏེ། སྒྲིག་ཁྲིམས་སློབ་གསོ་དང་། ཆབ་སྲིད་ལྟ་སྐུལ། སྤྱོད་ཚུལ་རུལ་སུངས་མཉམ་དུ་ཞིབ་བཤེར་བྱེད་པ། ཡུན་ཕན་རྐྱེན་སྲོལ་འཛུགས་པ་བཅས་ཤུགས་དྲག་ཏུ་གཏོང་བ་གཙོ་གནད་དུ་བཟུང་ནས། སྤྱོད་ཚུལ་བཞིའི་གནད་དོན་ལ་དོ་སྣང་བྱེད་པ་དང་།  བྱེད་ཕྱོགས་སྤྱོད་ཚུལ་གྱི་རྐྱེན་ངན་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རིམ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དངོས་འབེབས་དང་དེ་ལག་བསྟར་ཞིབ་ཚགས་བྱེད་པའི་གཏན་འབེབས་རེ་འགའ་བཏོན་པ་དེ། ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་ཀྱི་ནང་དོན་གལ་ཆེན་དུ་བརྩིས་ནས།  ཉིན་རྒྱུན་ལྟ་སྐུལ་དང་ཆེད་དོན་བཅོས་སྐྱོང་ལ་ཤུགས་སྣོན་དང་། མགོ་ཁྲིད་དང་པོ་དང་མགོ་ཁྲིད་སྡེ་ཁག་གི་ལྟ་སྐུལ་ཕན་འབྲས་དངོས་སུ་མཐོ་རུ་གཏོང་བ་དང་།  བཟོད་སྒོམ་སྤུ་ཙམ་མེད་པའི་རྣམ་འགྱུར་གྱིས་བྱེད་ཕྱོགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ནན་མོ་ཡིན་པ་དང་ནན་མོ་མཐའ་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ཆབ་སྲིད་སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

བརྗོད་དོན་སློབ་གསོ་སྤེལ་བ་གོ་སྐབས་སུ་བརྩི་བ་དང་།  ཆེད་དོན་བཅོས་སྐྱོང་སློབ་གསོ་གཙོར་འཛིན་དགོས། ང་ཚོས་སྤྱོད་གཙང་གཞུང་དྲང་བསླབ་ནས། བསྐྱོད་ལམ་གསར་བའི་སྟེང་དུས་ནམ་ཡང་སྤྱོད་ཚུལ་བཞི་ཡོ་བསྲང་བྱས་ཏེ་བྱེད་ཕྱོགས་གསར་འཛུགས་དང་། ཚད་གཞི་སྔར་ལས་མཐོན་པོ་དང་བླང་བྱ་སྔར་ལས་ནན་མོས་དུས་ཚོད་སྐར་ཆ་ཙམ་ཡང་མི་སྡོད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། ཏང་གིས་ཉམས་པ་མེད་པའི་གསོན་ཤུགས་དང་སྟོབས་ལྡན་གྱི་འཐབ་རྩོད་ནུས་པ་ནམ་ཡང་སྲུང་འཛིན་བྱེད་པར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།