ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་རིན་གྲོང་ཁྱེར་གྱིས་དམངས་ཕན་འཛད་སྤྱོད་འཛིན་ཤོག་ཁྲི8.3བྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་དང་ཁུལ་གྱི་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཁྲོམ་རའི་འཛད་སྤྱོད་སྔར་བས་ཇེ་བཟང་དུ་གཏོང་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་ཟླ5བའི་ཚེས18ཉིན། 2023ལོའི“གསེར་མདོག་གི་ཐུན་རིན·དམངས་ཕན་ཁེ་ལས་ལ་རོགས་སྐྱོར་བྱེད་པའི”འཛད་སྤྱོད་བྱེད་སྒོ་སྤེལ། 

ཐུན་རིན་གྲོང་ཁྱེར་གྱིས་དམངས་ཕན་འཛད་སྤྱོད་འཛིན་ཤོག་སྟེར་རྒྱུ་དེ་འཛད་སྤྱོད་ལས་དོན་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་དུ་བརྩིས་ནས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། འཛད་སྤྱོད་ཁྲོམ་ར་ཇེ་བཟང་དུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་བསྡོམས་འབོར་བརྟན་འཇགས་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་ཁེ་ཕན་བསྐྲུན་རྒྱུ་དེ་མངོན་འགྱུར་བྱུང་། ཤེས་གསལ་ལྟར་ན། ཐེངས་འདིའི་བྱེད་སྒོས“སྲིད་གཞུང་གིས་ཁྲིད་སྟོན་དང་ཁེ་ལས་ཞུགས་པ། མང་ཚོགས་ལ་ཁེ་ཕན་བསྐྲུན་པ”བཅས་རྩ་དོན་དུ་བཟུང་ནས། “གསེར་མདོག་གི་ཐུན་རིན·དམངས་ཕན་ཁེ་ལས་ལ་རོགས་སྐྱོར་བྱེད་པ”སོགས་རེས་སྐོར་དྲུག་གི་འཛད་སྤྱོད་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་མ་ཟད། བསྡོམས་པས་མ་དངུལ་སྒོར་ཁྲི400བཏང་བ་དང་། འཛད་སྤྱོད་འཛིན་ཤོག་ཁྲི8.3ཙམ་བྱིན་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།