ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲུང་སྐྱོང་ཁུལ38ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ཚོགས་པའི་གསར་གཏོད་མནའ་འབྲེལ་གསར་སྐྲུན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་དང་ཞིང་ཆེན་ཡོངས་ཀྱི་སྲུང་སྐྱོང་ཁུལ38ཀྱི་དོ་དམ་ལས་ཁུངས་ཀྱིས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ《མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ཚོགས་པའི་གསར་གཏོད་མནའ་འབྲེལ་མཐུན་འགྲིག་སྲུང་སྐྱོང་དོ་དམ་གྲོས་གཞི》ལ་མིང་རྟགས་བཀོད་པ་དང་། མཉམ་དུ་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ཚོགས་པའི་གསར་གཏོད་མནའ་འབྲེལ་གསར་སྐྲུན་བྱས། 

མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་དང་། རྨ་ཆུའི་བཞུར་ཁོངས་ཀྱི་ཆུ་ཁུངས་གལ་ཆེན་ཞིག་ཡིན་པ་མ་ཟད། རང་རྒྱལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ས་ཁོངས་ཡིན་ལ། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་སྣེ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་གནད་འགག་ས་ཁོངས་ཡིན་པ་དང་། དམིགས་བསལ་གྱི་སྐྱེ་ཁམས་གོ་གནས་ཡོད་ཅིང་། ས་ཁོངས་ནང་ཁུལ་གྱི་རང་བྱུང་སྲུང་སྐྱོང་བྱེད་སའི་གྲངས་ཀ་མང་བ་དང་རིགས་འཛོམས་ཤིང་། བྱེད་ནུས་མང་བ། རིགས7གྱི་རང་བྱུང་སྲུང་སྐྱོང་གནས38ཡོད་ཅིང་། དེར་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོང་བྱེད་སའི་རིགས་ཡོད་ཚད་འདུས་ཤིང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ40%མདོ་ལ་རི་བོའི་ས་ཁོངས་སུ་ཁྱབ་ཡོད་པ་དང་། ས་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.46ཡོད་པ་དང་། ས་ཁོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན39%ཟིན་ཡོད། 

རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ནུབ་བྱང་རྟོག་ཞིབ་འཆར་འགོད་གླིང་གི་གླིང་གཙོ་གཞོན་པ་ཝང་ཞའོ་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རང་བྱུང་སྲུང་སྐྱོང་ཁུལ་ནི་སྐྱེ་ཁམས་སྲུང་སྐྱོང་དང་དཀྱིལ་སྙིང་འཛུགས་སྐྲུན་གྱི་སྟེགས་བུ་ཡིན་པ་དང་། རང་བྱུང་སྲུང་སྐྱོང་བྱེད་སའི་ཚོགས་པ་འཛུགས་སྐྲུན་གྱིས་མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་སྐྱེ་དངོས་ཐོན་ཁུངས་དང་། ས་གཤིས་མཛེས་ལྗོངས་སྣ་མང་རང་བཞིན་ལྡན་པ་དང་རང་བྱུང་སྐྱེ་ཁམས་མ་ལག་སྐྱོན་བྲལ་གཏན་འཇགས་སྲུང་སྐྱོང་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་ཚོགས་པའི་མནའ་འབྲེལ་གསར་སྐྲུན་གྱི་ཐོག་མའི་འཛུགས་སྐྲུན་གྱིས་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ཁུལ། རང་བྱུང་སྤྱི་གླིང་གི་བར་སྟོང་རྣམ་པ་གྲུབ་ཅིང་། དེས་ས་ཁོངས་སྐྱེ་ཁམས་ཐོན་ཁུངས་སྤུས་ཚད་མཐོ་བའི་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་སྐུལ་འདེད་ལ་ཕན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ལེགས་པོར་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།