ཀྲུང་གོ་བོད་ཀྱི་དྲ་བ།

རབ་མཛེས་མཚོ་སྔོན་དེ2023ལོའི་ཀོང་ཀྲོའུ་རྒྱལ་སྤྱིའི་གནས་སྐོར་འགྲེམ་སྟོན་ཚོགས་འདུར་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན་ནས་ཟླ5པའི་ཚེས21ཉིན་བར། 2023ལོའི་ཀོང་ཀྲོའུ་རྒྱལ་སྤྱིའི་གནས་སྐོར་འགྲེམ་སྟོན་ཚོགས་འདུ་དེ་ཀོང་ཀྲོའུ་གྲོང་ཁྱེར་པ་ཀྲོའུ་འགྲེམ་སྟོན་ཁང་དུ་སྤེལ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གདན་དྲངས་ནས་གཟུགས་འདས་ཤུལ་བཞག་དང་། རིག་གནས་གསར་སྐྲུན། གནས་སྐོར་ལྗོངས་ཁུལ་སོགས་ཀྱི་ཚོགས་མི་ལས་ཁུངས་རྩ་འཛུགས་བྱས་ཏེ་འགྲེམ་སྟོན་ཁྲོད་ཞུགས། 

རྒྱུས་ལོན་པ་ལྟར་ན། “རབ་མཛེས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་བསྐྲུན་པ”བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་སྟེགས་སུ། ལྗང་ཁུ་དང་དཀར་པོ་ཁ་དོག་གཙོར་བྱས། དེང་རབས་ཀྱི་སྒྲིག་གཞི་རྣམ་པ་སྡེབ་སྒྲིག་བྱས་ཤིང་། འགུལ་རྣམ་འགྲེམ་སྟོན་དང་། འགུལ་རྣམ་དང་འཇགས་རྣམ་ཟུང་འབྲེལ། ཡུལ་དངོས་འགྲེམ་སྟོན་ཕྱིར་འཚོང་སོགས་ཀྱི་རྣམ་པས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་ཀྱི་གནས་སྟངས་དང་འཕེལ་རྒྱས་གྲུབ་འབྲས་གསར་སྐྲུན་མངོན། འགྲེམ་ཚོགས་སྐབས་སུ། “རབ་མཛེས་མཚོ་སྔོན་དང་། སྐྱེ་ཁམས་ཡུལ་སྐོར”རིག་གནས་ཡུལ་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཚ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་བཅས་ཀྱིས་སོ་སོར་དྲིལ་སྒྲོག་འོས་སྦྱོར་བྱས། འོས་སྦྱོར་ཚོགས་འདུས“རི་ཆུ་སྟོང་གི་འབྱུང་ཡུལ། རྒྱལ་ཁབ་སྤྱི་གླིང”དང“མི་རིགས་འཆམ་མཐུན། གཅིག་ལ་གཅིག་བརྟེན”། “བཅུད་ལྡན་ཐོན་རྫས། བདེ་ཐང་ཁམས་གསོ”བཅས་ཚན་པ་བཞིས་མཚོ་སྔོན་གྱི་རྒྱུ་མང་ཅན་གྱི་ལོ་རྒྱུས་རིག་གནས་དང་། ཐུན་མིན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་འགྲེམ་སྟོན་དང་། “རབ་མཛེས་མཚོ་སྔོན་དང་། སྐྱེ་ཁམས་ཡུལ་སྐོར”རིག་གནས་ཡུལ་སྐོར་ཟོང་རྟགས་ཤན་ཤུགས་ནུས་པ་དང་མཚན་སྙན་རྒྱ་བསྐྱེད། 

ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་། མཚོ་སྔོན་གྱིས་སྣ་མང་རང་བཞིན་དང་རྒྱུ་མང་རང་བཞིན། ཐུན་མིན་རང་བཞིན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། “མཛེས་སྡུག་ལྡན་པའི་ཡུལ་སྐོར་བྱེད་སའི་བྱ་དགའ”དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འགྲེམ་སྟེགས་ཀྱི་འཆར་འགོད་ལ་ཁྱད་ཆོས་ལྡན་པ་དང་། འགྲེམ་སྟོན་དངོས་རྫས་ཕུན་སུམ་ཚོགས་ཤིང་། ནང་དོན་རྒྱུ་མང་ཅན་སོགས་ཀྱི་དགེ་མཚན་ལ་ཕུལ་བྱུང་འགྲེམ་རྟགས་བྱ་དགའ་ཐོབ། མཚོ་སྔོན་འགྲེམ་སྟེགས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། ཙོང་ཁའི་གཙགས་དྲུབ། ཐང་ག་སོགས་གཟུགས་འདས་ཤུལ་བཞག་སྒྱུ་རྩལ་མངོན་པ་དང་།འཕང་འབྲས་དང་། ནོར་ནག་གི་ཤ་སྐམ་སོགས་ཁྱད་ལྡན་ཡུལ་སྐོར་ཚོང་རྫས་ཕྱིར་འཚོང་བྱས་པ་དང་། མཚོ་སྔོན་ཡུལ་སྐོར་ལག་བྲིས་ས་ཁྲ་དང་། ཡུལ་སྐོར་ལྗོངས་ཁུལ་ལག་དེབ་སོགས་དྲིལ་སྒྲོག་རྒྱུ་ཆ་བཀྲམ་པ། མཚོ་སྔོན་ཡུལ་སྐོར་ལམ་ཐིག་ལེགས་ཤོས་དང་། ཡུལ་སྐོར་ཐོན་ཁུངས་འགྲེམ་སྟོན་འོས་སྦྱོར་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བས་མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་ཐུན་མོན་མ་ཡིན་པའི་མཛེས་སྡུག་མྱོང་རོལ་བྱེད་དུ་བཅུག ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།