ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པའི་དབང་གིས། ཟླ5པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེན་མོ་ཏིང་ཝུན་ཧྥིང་གདན་དྲངས་ནས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ”ཞེས་པ་ཁ་བྱང་ཡིན་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ་དུ་བཅུག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གི་མགོ་འཛིན་གནང། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས། 

ཏིང་ཝུན་ཧྥིང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་པ་དང་། ཚན་རིག་གི་མ་ལག་དང་ནང་སྙིང་གལ་ཆེན། འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བཅས་ཕྱོགས་གསུམ་ནས། དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སྲོག་ཤིང་དོན་སྙིང་ཐད་རྩ་འཛིན་སྣེ་ཁྲིད་དང་རྒྱས་བསྡུས་འཚམ་པར་འཆད་འགྲེལ་བྱས། 

ཁྲེན་ཀང་གིས་མགོ་འཛིན་གསུང་བཤད་ལས། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་མྱོང་རྟོགས་དང་གོ་བ་གདེང་ཐོན་པར་བྱས་པ་དང་། སློབ་སྦྱོང་ཐེངས་རེ་རེ་ལའང་ཡིད་ལ་ཟིན་ཞིང་སེམས་ལ་གཤགས་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ནས། ལག་ལེན་ལ་མཛུབ་སྟོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཞེས་བསྟན། ཁོང་གིས་སློབ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་འགན་འཁྲི་ཡིན་པས། སློབ་སྦྱོང་ནི་མི་ཚེ་གང་པོའི་བྱ་གཞག་ཏུ་བརྩིས་ནས། སློབ་སྦྱོང་ཁྲོད་བསམ་བློའི་དཀའ་ངལ་དང་བྱ་བའི་དཀའ་གནད་ཐག་གཅོད་པའི་ཐབས་ལམ་དང་ལྡེ་མིག་ཁོང་དུ་ཆུད་དགོས། སློབ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི་ཡུལ་སྲུང་རྩལ་ནུས་ཡིན་པ་དང་། བྱ་བ་ལེགས་འགྲུབ་བྱུང་བ་ནི་སློབ་གཉེར་ལ་གྲུབ་འབྲས་བྱུང་བའི་རྟགས་ཡིན་པས། བསམ་གཞིགས་མང་པོ་གཏོང་བ་དང་སློབ་སྦྱོང་ཟབ་མོས་དགོངས་པའི་མཐིལ་རྟོགས་པར་བྱེད་པ་དང་། ཇི་ལྟར་ཡིན་པ་ཤེས་ལ་ཅིའི་ཕྱིར་ཡིན་པ་ཡང་རྟོགས་པར་བྱས་ཏེ། སློབ་སྦྱོང་བརྒྱུད་ནས་བྱ་གཞག་རྒྱས་པའི་བགྲོད་ལམ་འཚོལ་ཐུབ་པར་བྱེད་དགོས། སློབ་སྦྱོང་གི་མཐར་ཐུག་དམིགས་ཡུལ་ནི་བསླབས་ནས་སྤྱོད་པ་དེ་ཡིན་ལ། བཀོལ་སྤྱོད་ནི་སྔར་ལས་གལ་ཆེ་བའི་སློབ་སྦྱོང་ཡིན་པས། གཞུང་ལུགས་དངོས་ཡོད་དང་སྦྲེལ་བའི་སློབ་སྲོལ་དར་སྤེལ་བཏང་སྟེ། ལག་ལེན་ཁྲོད་སློབ་སྦྱོང་གི་གྲུབ་འབྲས་དེ་ནང་སེམས་ཀྱི་རྟོག་པ་དང་ཕྱི་ཡུལ་གྱི་འཇིག་རྟེན་བཅོས་སྒྱུར་བྱེད་པའི་དངོས་ཡོད་ཕན་འབྲས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས། 

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སྡེ་ཁག མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་ཆེན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)སོ་སོ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སློབ་སྦྱོང་ཚོགས་འདུ་ལ་ཞུགས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།