ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ས་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཏུ་སྤེལ་ཏེ། དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་བ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། འབྲེལ་གཏུག་པ་དང་དྲིལ་སྒྲོག་པ། རྟོག་ཞིབ་པ། ཞབས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོལ་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བར་སྐུལ་འདེད་བཏང་བར་མ་ཟད། ལས་འགན་ཁག་སོ་སོ་ཇེ་ཞིབ་ཇེ་ལེགས་སུ་བཏང་ནས། ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་ཁེ་ལས་འཕེལ་རྒྱས་ལ་རོགས་རམ་བྱས་ནས། བརྗོད་དོན་སློབ་གསོར་ཕན་འབྲས་ཐོབ་པར་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནགས་རྩྭའི་སྟོབས་ཤུགས་ཕུལ།

བྱ་བའི་དམིགས་འབེན་དམ་འཛིན་དང་བྱ་བའི་འགན་འཁྲི་ནན་དཀྲི་བྱས་ནས་བྱ་བའི་གྲུབ་འབྲས་ལ་ཁག་ཐེག་བྱེད་ཆེད། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འབྲེལ་གཏུག་པ་དང་ཁ་གཏད་ཞབས་ཞུའི་ཁེ་ལས་དུས་ལྟར་གཏན་ཁེལ་བྱས་ཏེ། དུས་བཅད་ལྟར་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བའི་སྤྱིའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འབྲེལ་གཏུག་པ་ཁེ་ལས་ལ་ཞུགས་པ་དང་། སྲིད་ཇུས་འགྲེལ་ཀློག་བྱེད་པ། གནད་དོན་ཕྱིར་ལྡོག་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་དོན་དངོས་དཀའ་ཁག་དང་གནད་དོན་ལ་དམིགས་ནས། ཁེ་ལས་ཀྱི་འབྲེལ་གཏུག་པ་དོན་གསུམ་རྩ་འཛུགས་བྱས་ནས་ཆེད་དོན་གསོ་སྦྱོང་སྤེལ་བ་དང་། ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་གནད་དོན་ཁག་བགོས་གོ་རིམ་དང་། ཆ་འཕྲིན་སྟེགས་བུ་བཀོལ་སྤྱོད་བྱེད་ཐབས་དང་སྒྲིག་ཁྲིམས་བླང་བྱ་སོགས་གསལ་འགྲེལ་བྱས། གཙོ་གནད་དམ་འཛིན་དང་གནད་ས་འབུར་ཐོན། དོན་དངོས་ནས་མགོ་བརྩམས་ཏེ། ཇི་ལྟར་འབྲེལ་གཏུག་བྱེད་པ་དང་ཇི་ལྟར་རོགས་རམ་བྱེད་པའི་གནད་དོན་དངོས་སུ་ཐག་གཅོད་བྱས་ནས། ཁེ་ལས་ཀྱི་འབྲེལ་གཏུག་པའི་བྱ་བའི་ནུས་པ་དང་ལས་ཕྱོད་མཐོ་རུ་བཏང་།

རོགས་སྐྱོར་བྱེད་པའི་ཁེ་ལས་ཀྱི་འབྲེལ་གཏུག་པ་རྣམས་སོ་སོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་གཙོ་གནད་ཁེ་ལས་ཡོད་སར་སོང་ནས། ཁེ་ལས་ཀྱི་ནགས་ཚལ་དང་རྩྭ་སའི་ཐད་གནས་པའི་གནད་དོན་དང་འབྲེལ་ནས་ཆེད་དོན་རྟོག་ཞིབ་སྤེལ་བ་དང་། སྐྱེ་ཁམས་ཉམས་གསོ་དང་། ས་བཀོལ་འགན་སྲུང་། སྲིད་འཛིན་ཆོག་མཆན། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སོགས་གཙོ་གནད་དུ་བཟུང་བ་དང་། ཁེ་ལས་ཡུལ་དངོས་སུ་རྟོག་ཞིབ་གཏིང་ཟབ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་དང་། ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་དང་ཚན་རྩལ་འདེགས་སྐྱོར། འཇོན་མིའི་དགོས་མཁོ། རྒྱུ་རྐྱེན་འགན་སྲུང་སོགས་ཕྱོགས་ཀྱི་གནད་དོན་དང་རེ་ཞུ་ཐག་གཅོད་བྱས། འབྲེལ་གཏུག་པ་སོ་སོས་ཁེ་ལས་ཀྱིས་བཏོན་པའི་གནད་དོན་རེ་ཞུ་ནན་ཏན་གྱིས་སྒྲུབ་པ་དང་ཞིབ་འཇུག་བྱས་ཏེ། རེ་རེ་བཞིན་མཐུན་སྦྱོར་དངོས་འབེབས་ཀྱི་བསམ་ཚུལ་བཏོན་པ་དང་དངོས་འབེབས་གནས་ཚུལ་ལ་རྗེས་འདེད་བྱས་ནས། ཁེ་ལས་གནད་དོན་གྱི་དོན་དག་རེ་རེར་ཨ་ལན་ཡོད་པ་དང་རེ་རེ་བཞིན་དངོས་འབེབས་བྱུང་བར་ཁག་ཐེག་བྱས།

རྗེས་མར་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》དང་། ཆེད་དོན་འགུལ་སྐྱོད9ཡི་ཇུས་གཞིའི་བླང་བྱ་ལྟར། གནད་དོན་ཁྲིད་ཕྱོགས་དང་། དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་ཁེ་ལས་ཀྱི་རོགས་སྐྱོར་བྱ་བ་རང་འགུལ་ངང་ལེགས་པོར་སྒྲུབ་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པ། སྤུས་ལེགས་ཞབས་ཞུས་ཐོན་ལས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་བཅས་དམིགས་སུ་འཛིན་པ། ཁྲོམ་རའི་གཙོ་གཞིའི་དགོས་མཁོར་གདོང་གཏད་ནས། སྤྱི་ཁོག་གི་སྲིད་ཇུས་གནད་ཁེལ་ལག་བསྟར་དང་། ལྟ་སྐུལ་དང་དོ་དམ་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། འབད་པ་ཆེན་པོས་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་མཐུན་རྐྱེན་སྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།