ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས2023ལོའི་ཁྲིམས་འཛིན་གསལ་འབྱེད་པའི་ལས་ཞུགས་གོང་གི་གསོ་སྦྱོང་འཛིན་གྲྭ་སྤེལ་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་དུ་ལས་གཉེར་བྱས་པའི་ཁྲིམས་འཛིན་གསལ་འབྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། བཅའ་ཁྲིམས་ཀྱི་བྱང་ཚད། ཆེད་ལས་ཀྱི་རྩལ་ནུས། ཀུན་སྤྱོད་ཀྱི་ཆུ་ཚད་བཅས་མཐོ་རུ་བཏང་ནས། ཁྲིམས་འཛིན་གསལ་འབྱེད་ཀྱི་སྤུས་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་དང་མཉམ་འབྲེལ་སྒོས་དུས་ཡུན་ཉིན4ཡི་ཁྲིམས་འཛིན་གསལ་འབྱེད་པའི་ལས་ཞུགས་གོང་གི་གསོ་སྦྱོང་བྱས། ཞིང་ཆེན་ཡོངས་ཀྱི་ལས་གཉེར་ཁྲིམས་འཛིན་གསལ་འབྱེད་པ་གསར་བ་དང་། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་དོ་དམ་ལས་བྱེད་པ། ཞིང་ཆེན་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཀྱི་དོ་དམ་མི་སྣ། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་སོ་སོའི་འགན་འཁུར་བ། གཙོ་གཉེར་གསལ་འབྱེད་པ་བཅས་བསྡོམས་པས་མི83གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་དེ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་ནས། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱི་ད་ལྟའི་གནས་ཚུལ་དང་། ལས་ཞུགས་མི་སྣའི་སློབ་གསོ་གསོ་སྦྱོང་གི་དགོས་མཁོར་གཞིགས་ནས་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་པ་མ་ཟད། ལས་གཉེར་ཁྲིམས་འཛིན་གསལ་འབྱེད་པ་གསར་བ་སྒྲིག་འཛུགས་བྱས་ནས་ལས་གཉེར་དམ་བཅའ་བཞག་པ་དང་། ཆེད་མཁས་པ་དང་ཁྲིམས་འཛིན་གསལ་འབྱེད་པའི་རྒྱལ་ཡོངས་ཁྲིམས་འཛིན་གསལ་འབྱེད་པའི་ཆེད་མཁས་པའི་མཛོད་ཀྱི་ཁོངས་མི་གདན་དྲངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཁྲིམས་འཛིན་གསལ་འབྱེད་གོ་རིམ། ཁྲིམས་འཛིན་གསལ་འབྱེད་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན། ཁྲིམས་འཛིན་གསལ་འབྱེད་པ་ཁྲིམས་རར་ཞུགས་པའི་སྒྲིག་སྲོལ་སོགས་ཆེད་དོན་ཟུར་ཁྲིད་བྱས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།