ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཁག་ཐེག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་འཆར་འགོད་དང་། སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ། ཏན་ཏིག་གིས་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་བྱེད་ཐབས་གཏན་འབེབ་ཞིབ་འཇུག་བྱས་པ་དང་། སློབ་སྦྱོང་འཆར་གཞི་སྒྲིག་བཟོ་དང་། མི་སྣ། དུས་ཚོད། ས་གནས། ནང་དོན་བཅས“གསལ་བོ་བཞི”སྒྲུབ་པར་བྱས་ཏེ། གཞུང་ལུགས་བགྲོ་གླེང་སྤེལ་བ་དང་། ཟུར་སྣེ་མང་པོ་ནས་དཔེ་ཀློག་འཛིན་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱས། 

གནད་འགག་ཉུང་ཤས་དམ་དུ་བཟུང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་སྔོན་ལ་སློབ་པ་དང་། གཏིང་ཟབ་པར་སློབ་པ་རྒྱུན་འཁྱོངས་བྱས་ཏེ། “གནད་འགག་ཉུང་ཤས”དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་པ་དང་། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གསར་དུ་བཙུགས་པ་མ་ཟད། ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པར་སློབ་སྦྱོང་ཚན་ཆུང8བགར་བ་དང་། ཏང་ཙུའུ་ཧྲུའུ་ཅིས་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་འཛིན་བདག་གི་འགན་ཁུར་ནས། ཨུ་ཡོན་མགོ་ཁྲིད་རེ་རེས་ཚན་ཆུང་གཅིག་ལ་སྣེ་ཁྲིད་དེ་སློབ་དགོས། ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་། བརྗེ་རེས་ཁྲོད་ཞུགས་པ། སློབ་སྦྱོང་ལ་སྐུལ་སྤེལ་བྱས་ཏེ་དཔེ་སྟོན་གྱི་བྱེད་ནུས་ཐོན་པ་དང་། ཏང་ཡོན་ལས་བྱེད་པས་ཀྲི་པུའུ་སྡེ་ཚན་དུ་བྱས་ཏེ་སློབ་སྦྱོང་བྱས་ནས། གཞུང་ལུགས་སློབ་སྦྱོང་ཡོངས་སུ་ཁེབས་པ་དང་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། 

བྱ་བའི་བྱེད་ཐབས་དོན་འཁྱོལ་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཞིང་ཆེན་ཏང་ཨུའི་གཏན་ཁེལ་བྱས་པའི“8+X”གཞུང་ལུགས་སློབ་སྦྱོང་ནང་དོན་མ་ལག་གཏན་ཁེལ་བྱས་པ་དང་། དུས་ཡུན་ཉིན7རིང་གི་གཅིག་བསྡུས་སློབ་སྦྱོང་འཆར་གཞི་གཏན་ཁེལ་བྱས་ཏེ། དཔེ་ཀློག་གི་དམིགས་འབེན་དང་དཔེ་ཀློག་གི་དམིགས་ཡུལ་བྱ་བ་ལེགས་པོར་སྒྲུབ་པ་དང་། དཔེ་ཀློག་གཞུང་ལུགས་དང་གཞུང་ལུགས་སློབ་སྦྱོང་གི་མཁའ་དབུགས་གྲུབ་པར་བྱས། དུས་མཚུངས་སུ། དམིགས་འབེན་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས། མཇུག་འབྲས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  མ་ལག་རང་བཞིན་གྱིས་གཞུང་ལུགས་སློབ་སྦྱོང་དང་། རྟོག་ཞིབ་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལེགས་བཅོས་ལ་ཞིབ་བཤེར་གྱི་འཆར་འགོད་བྱས་ཏེ། གཞི་གཅིག་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོའི་བྱ་བའི་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། 

སྒྲིག་སྲོལ་ཤུགས་དྲག་ཏུ་བཏང་། ཨུ་ཡོན་ཡོངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་པའི་དཔེ་ཀློག་འཛིན་གྲྭའི་གནང་བ་ཞུ་བར“མགོ་གཙོ་དང་པོའི”ཞིབ་བཤེར་ཆོག་མཆན་ལག་བསྟར་དང་། དཔེ་ཀློག་འཛིན་གྲྭས་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱེད་པ་དང་། ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཙོ་བོས་སློབ་སྦྱོང་ཚན་ཆུང་སོ་སོའི་སློབ་སྦྱོང་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་དང་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གནད་ཁེལ་ལྟ་སྐུལ་ཤུགས་དྲག་ཏུ་བཏང་ནས། སློབ་སྦྱོང་གི་ཕན་འབྲས་ཐོབ་པར་ཁག་ཐེག་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།