ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་བརྗོད་དོན་སློབ་གསོའི་འཛིན་གྲྭ་རྩ་འཛུགས་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས5ནསཚེས12ཉིན་བར་དུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཉིན7གྱི་དུས་ཚོད་བེད་སྤྱད་ནས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་ཡོངས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་རྩ་འཛུགས་བྱས། ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་སློབ་སྦྱོང་ནས་མགོ་བརྩམས་ཏེ། བརྗོད་དོན་སློབ་གསོའི་ཁྲོད་ཀྱི་སློབ་སྦྱོང་གི་དགོས་གལ་རང་བཞིན་མངོན་པར་བྱས། འཛིན་གྲྭ་འཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞུའུ་ལེན་དབྱིན་གྱིས་སློབ་སྦྱོང་ལ་གཙིགས་ཆེན་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་བོ་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་འགན་འཁུར་གལ་ཆེན་ཡང་ཡིན་པས། ང་ཚོས་སློབ་སྦྱོང་ལ་བརྟེན་ནས་རང་ཉིད་ཀྱི་བློ་སྦྱོང་འཕེལ་བར་བྱེད་པ་དང་།  བློ་གྲོས་བསྐྱེད་དགོས་ལ། བྱ་བར་ཤུགས་སྣོན་པ་དང་། འགན་ནུས་གཙང་སྒྲུབ་ཀྱི་ཕན་འབྲས་མཐོ་རུ་གཏོང་དགོས་ཞེས་ཕྱོགས་ཡོངས་ནས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དང་། ལས་ཁུངས་ཏང་ཙུའུ་ཡི་བཀོད་སྒྲིག་ལག་ལེན་བྱས་ནས། དཔེ་ཀློག་འཛིན་གྲྭའི་ཕན་འབྲས་ལ་ཁག་ཐེག་བྱ་ཆེད་རེ་བ་ཞིབ་མོ་བཏོན། 

ཞིང་ཆེན་སྲིད་གྲོས་ཀྱིས་དཔེ་ཀློག་འཛིན་གྲྭ་ལ་ཚད་མཐོ་བའི་མཐོང་ཆེན་བྱས་ནས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་ལྟར། བཀོད་སྒྲིག་ཞིབ་ཚགས་དང་། སློབ་ཁྲིད་ཚགས་སྒྲིག་དམ་པོ་བྱེད་པ། སློབ་སྦྱོང་གི་རྣམ་པ་རྒྱ་ཆེར་གཏོང་བ། སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། བསླབ་ནས་བློ་སྦྱོང་བྱེད་པ་དང་། བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཕྱོགས་སུ་ཕན་འབྲས་ངོ་མ་ཐོབ་པར་ཤུགས་བསྣན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་དང་གཟབ་ནན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། 

སློབ་སྦྱོང་གི་སྐབས་སུ། ཚང་མས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་རྣམ་རིག་བཟང་བོར་བརྟེན་ནས། ཐུན་མོང་གི་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་། དཔྱད་གླེང་བརྗེ་རེས། ཆེད་དོན་མཛུབ་ཁྲིད་ལ་ཉན་པ། ནུབ་ལམ་དམག་གི་རྗེས་དྲན་ཁང་དུ་ལྟ་སྐོར་བྱེད་པ། ཉེན་ཟོན་སློབ་གསོའི་བརྙན་ཐུང་ལ་བལྟ་བ་བཅས་ཀྱི་སློབ་སྦྱོང་གི་རྣམ་པ་མང་པོ་བརྒྱུད་ནས། ཏང་ཡོན་ལས་བྱེད་ཡོངས་ཀྱིས་གཞུང་ལུགས་སློབ་སྦྱོང་བྱས་པ་དང་། བསམ་བློའི་གོ་རྟོགས་བསྐྱེད་པར་མ་ཟད། ཏང་གཤིས་ཀྱི་གསོ་སྦྱོང་དང་ནུས་པའི་ཐད་ཀྱང་མཐོར་འདེགས་བྱུང་ནས། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་དང་། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་མཐིལ་ཕྱིན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།