ཀྲུང་གོ་བོད་ཀྱི་དྲ་བ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དཀྱིལ་སྙིང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་མྱུལ་དཔྱད་སོགས་ཀྱི་བྱ་འགུལ་སྤེལ་མི་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྤྱི་བསྒྲགས་སྤེལ་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དཀྱིལ་སྙིང་སྲུང་སྐྱོབ་ཁུལ་དུ་ཡུལ་སྐོར་དང་མྱུལ་དཔྱད་སོགས་ཀྱི་བྱ་འགུལ་སྤེལ་མི་ཆོག་པ་དང་། རྩ་འཛུགས་སམ་མི་སྒེར་གྱིས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་ནང་དུ་སོང་མི་ཆོག གཏན་ཁེལ་དང་འགལ་བའི་ལས་ཁུངས་སམ་མི་སྒེར་ལ། ཁྲིམས་ལྟར་ཆད་གཅོད་ནན་མོ་བྱེད་པ་དང་། ཁྲིམས་འགལ་ངང་ཡུལ་སྐོར་དང་མྱུལ་དཔྱད་སོགས་ཀྱི་བྱ་འགུལ་སྤེལ་ཏེ་དཀྱིལ་སྙིང་སྲུང་སྐྱོང་ཁུལ་ཀྱི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པའི་ལས་ཁུངས་སམ་མི་སྒེར་ལ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་ལྟར་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་པ་དང་། ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་། གང་འདོད་དུ་མིའི་ལུས་ཕུང་ལ་རྨས་སྐྱོན་དང་ཤི་རྨས་སོགས་ཀྱི་དོན་རྐྱེན་བཟོས་པར། རྩ་འཛུགས་བྱ་འགུལ་སྤེལ་བའི་ལས་ཁུངས་སམ་མི་སྒེར་ལ་འབྲེལ་ཡོད་འགན་འཁྲི་འཁུར་དགོས། 

སྤྱི་བསྒྲགས་ལས། ཚན་རིག་ཞིབ་འཇུག་གི་དགོས་མཁོའི་རྐྱེན་ལ། ངེས་པར་དུ་དཀྱིལ་སྙིང་སྲུང་སྐྱོང་ཁུལ་དུ་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་བྱེད་པ་དང་། རྟོག་ཞིབ་བྱ་འགུལ་བྱེད་དགོས་པར། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་རེ་ཞུ་དང་བྱ་འགུལ་འཆར་གཞི་ཡར་ཞུ་བྱེད་པ་དང་། དོ་དམ་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་ཐོབ་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ་གྲ་སྒྲིག་ཐོ་འགོད་བྱས་རྗེས། ཆོག་མཆན་ཐོབ་པའི་འཆར་གཞི་དང་ལམ་ཐིག་ལྟར་འབྲེལ་ཡོད་བྱ་འགུལ་སྤེལ་ཆོག རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་དོ་དམ་ཚོད་འཛིན་གྱི་བླང་བྱ་ལྟར། རང་བྱུང་སྐྱེ་ཁམས་མ་ལག་ལ་གནོད་འཚེ་མི་ཐེབས་པའི་སྔོན་འགྲོ་འོག ཚོད་འཛིན་ཁུལ་ནང་དུ་ཚོང་གཉེར་བྱེད་ཆོག་པའི་རྣམ་པ་ལྟར་སྐྱེ་ཁམས་མྱོང་རོལ་དང་རང་བྱུང་སློབ་གསོ་སོགས་ཀྱི་འབྲེལ་ཡོད་བྱ་འགུལ་སྤེལ་ཆོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཆོག་མཆན་མ་ཐོབ་པར། རྩ་འཛུགས་དང་མི་སྒེར་གང་རུང་གིས་སྐྱེ་ཁམས་མྱོང་རོལ་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱ་འགུལ་སྤེལ་མི་ཆོག རྩད་ཞིབ་བྱས་ཏེ་རྩད་ཆོད་ཚེ་ཁྲིམས་ལྟར་ཆད་གཅོད་ནན་མོ་བྱ་རྒྱུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར། རྩ་འཛུགས་སམ་མི་སྒེར་གང་རུང་གིས་དྲ་རྒྱ་དང་ཚགས་པར། དུས་དེབ་སོགས་རིགས་སོ་སོའི་སྨྱན་བྱད་སྟེགས་བུར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་བརྡ་འཕྲིན་སྤེལ་མི་ཆོག གང་འདོད་དུ་བརྡ་འཕྲིན་རྫུན་མ་སྒྲིག་བཟོ་དང་ཡུལ་སྐོར་དང་། མྱུལ་དཔྱད། ལམ་ཐིག་བརྒལ་ཏེ་ཤན་ཤུགས་ངན་པ་བཟོས་པའི་ལས་ཁུངས་སམ་མི་སྒེར་ལ། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་འཁུར་དགོས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།