ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་རོང་འབྲོག་དམངས་ཁྲི20ལྷག་གི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། ཁྱད་ལྡན་ཐོན་ལས་ཚོགས་པ་དང་ཐོན་ལས་སྟོབས་ལྡན་གྲོང་རྡལ་གསར་སྐྲུན་བྱས་ཏེ། རོང་འབྲོག་ལས་ཐོན་ལས་གླིང་ཁུལ་ཅན་སྐུལ་འདེད་དང་། ཚོགས་པ་ཅན་འཕེལ་རྒྱས་སུ་བཏང་ནས། དེང་རབས་དཔེ་སྟོན་སྣེ་ཁྲིད་ཀྱི་གོམས་སྟབས་ཇེ་མགྱོགས་སུ་བཏང་བ་དང་། ཚན་རྩལ་སྣེ་ཁྲིད་ཀྱི་བྱེད་ནུས་ཆེ་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་གསལ་བ། གསོ་སྐྱོང་སྣེ་ཁྲིད་ཆེ་བ། ཁྱད་ལྡན་དགེ་མཚན་ཟོང་རྟགས་ཀྱི་ཁྱད་ཆོས་མངོན། བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟ། ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་དུ་རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང822བཙུགས་ཡོད་པ་དང་། རོང་འབྲོག་དམངས་ཁྲི20.76སྣེ་ཁྲིད་བྱས། 

2017ལོའི་རིང་ལ།  རང་ཞིང་གིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང5གསར་སྐྲུན་བྱས་པ་དང་། དེའི་ཁྲོད། ཏུའུ་ལན་རྫོང་གི་འཕང་འབྲས་དང་། རྩེ་ཁོག་རྫོང་གི་ནོར་ནག་དེང་རབས་ཞིང་ལས་ཐོན་ལས་གླིང་རྒྱལ་ཁབ་ཀྱིས་ངེས་ལེན་ཐོབ་ཟིན་པ་དང་། མིན་ཡོན་གྱི་ནས(ལོག་དཀར)། གུང་ཧོ་རྫོང་གི་བོད་ལུག་ཐོན་ལས་གླིང་གསར་སྐྲུན་ངེས་ལེན་བྱེད་བཞིན་པའི་སྒང་ཡིན་ལ། ཁྱད་ལྡན་ཐོན་ལས་སྣེ་ཁྲིད་ཁུལ་དང་། ལག་རྩལ་སྒྲིག་འཇུག་གཅིག་འདུས་ཁུལ། ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་ཁུལ། ལས་སྐྲུན་ཁུལ། དེང་རབས་ཞིང་ལས་དཔེ་སྟོན་དཀྱིལ་སྙིང་ཁུལ་གསར་སྐྲུན་བྱེད་བཞིན་པའི་སྒང་ཡིན། 

ད་ལྟ། རང་ཞིང་གིས་གསར་སྐྲུན་བྱས་པའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང27ཡོད་པ་དང་། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང5ཡོད། ཞིང་ཆེན་ཡོངས་ཀྱི60%ཡི་གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས་དེང་རབས་ཞིང་ལས་ཐོན་ལས་གླིང་ཁྲོད་འདྲེས་ཡོད་པ་དང་། “ཀུང་སི་དང་ཞིང་བ། མཉམ་ལས་ཁང། ཁྱིམ་ཚང་ཞིང་ར”དང“ཀུང་སི་དང་ཁྱིམ་ཚང་ཞིང་ར”སོགས་ཀྱི་རྣམ་པས་ཞིང་ལས་ཐོན་ལས་ཅན་མཉམ་འབྲེལ་གྲུབ་ཅིང་། ཁྱད་ལྡན་ཐོན་ལས་ལེགས་པོར་སྒྲུབ་ནས། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་གཞི་གཅིག་ཅན་གྱི་ཚོང་གཉེར་མངོན་འགྱུར་བྱུང་། ཐོན་ལས་གླིང་ཁུལ་དང་མཐོ་རིམ་སློབ་གྲྭ6དང་། གཙོ་གནད་ཚན་རིག་ཞིབ་འཇུག་མཉམ་ལས་ཁང12ལ། རྒྱལ་ཁབ་རིམ་པའི་ཚན་རྩལ་གྲུབ་འབྲས་སྣ4ཐོབ་པ་དང་། ཞིང་ཆེན་རིམ་པའི་གཙོ་གནད་གྲུབ་འབྲས་སྣ9ཐོབ། སློབ་གསོའི་སྤུས་ཚད་མཐོ་བའི་ཞིང་བ་མི་ཐེངས5200ལ་གསོ་སྦྱོང་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།