ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་པོའི་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་མཛུབ་སྟོན་བྱ་བའི་བྱེད་ཐབས》དངོས་སུ་ལག་བསྟར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་སུ་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་ལྟ་སྐུལ་མཛུབ་སྟོན་བྱ་བར་ཤུགས་སྣོན་དང་། ཁོངས་གཏོགས་དོ་དམ་འགན་འཁྲི་གཟབ་ནན་དུ་བཏང་ནས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱ་ཆེད། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས《མཚོ་སྔོན་པོའི་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་མཛུབ་སྟོན་བྱ་བའི་བྱེད་ཐབས》དཔར་འགྲེམ་བྱས་པ་དང་། དེས་མཚོ་སྔོན་པོ་ས་ཁུལ་གྱིས་དམིགས་འབེན་གསལ་བོ་དང་། ལས་འགན་གསལ་བོ། བྱ་སྤྱོད་ཚད་ལྡན། འགན་སྲུང་ཤུགས་ལྡན། འཁོར་རྒྱུག་ནུས་མཐོའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་མཚོན།

ཤེས་གསལ་ལྟར་ན། གོང་གི་བྱེད་ཐབས་ལྟར། མཚོ་སྔོན་པོའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ཅུའུ་ཡིས་མཚོ་སྔོན་པོ་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་གོ་རིམ་ཁྲོད་འཕྲད་པའི་གནད་དོན་འདུམ་འགྲིག་དང་། ཉིན་རྒྱུན་གྱི་ལྟ་སྐུལ་མཛུབ་སྟོན་རྩ་འཛུགས་བྱེད་པ། མཚོ་སྔོན་པོའི་མཐའ་འཁོར་གྱི་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་པོ་མཐའ་འཁོར་ས་ཁུལ་གྱི་ཉིན་རྒྱུན་གྱི་ཁྲིམས་བསྟར་བྱ་བ་སོགས་ཀྱི་ལས་འགན་ལ་ལྟ་སྐུལ་བྱེད་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།  ཞིང་ཆེན་དང་ཁུལ་གྱི་ལས་རིགས་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས་གཙོ་གནད་དུས་ཆེན་དང་། གཙོ་གནད་དུས་མཚམས་ཀྱི་མཚོ་སྔོན་པོའི་ས་ཁལ་དུ་གཅིག་བསྡུས་སྒོས་ཆེད་སྤྱོད་བཅོས་སྐྱོང་བྱ་འགུལ་སྤེལ་བ་དང་། ཁྲིམས་ལུགས་ལག་བསྟར་བྱ་འགུལ། དེ་མིན་དུས་རིམ་རང་བཞིན་གྱི་ཁྲིམས་ལུགས་ལག་བསྟར་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། གྱོད་དོན་ཡོད་ན་མི་སྒྲུབ་པ་སོགས་ཀྱི་འབུར་ཐོན་གནད་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱ་རྒྱུ་རེད། 

དུས་མཚུངས་སུ། འབྲེལ་ཡོད་སྒྲིག་སྲོལ་སྔར་ལས་ལྷག་པའི་སྒོ་ནས་སྒྲིག་འཛུགས་འཐུས་ཚང་དུ་གཏོང་རྒྱུ་རེད། གཅིག་ནས་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ་དང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་། མཚོ་ལྷོ། མཚོ་བྱང་སོགས་སྡེ་ཁག་དང་ས་ཁུལ་གྱིས་མཉམ་འབྲེལ་སྒོས་《མཚོ་སྔོན་པོའི་ས་ཁུལ་གྱི་སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་མཐུན་སྦྱོར་སྒྲིག་སྲོལ་འཚོལ་ཞིབ་སྒྲིག་འཛུགས་བྱེད་པའི་སྐོར་གྱི་བསམ་འཆར》གཏན་ཁེལ་བྱས་པ་དང་། དེས་མཚོ་སྔོན་པོའི་ལྗོངས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་། བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་རོགས་འདེགས་བྱས་པ་དང་། གཉིས་ནས་མཚོ་སྔོན་པོ་ས་ཁུལ་གྱི་སྲིད་འཛིན་ཁྲིམས་བསྟར་དང་། ཉེས་དོན་ཁྲིམས་འཛིན་གཞི་གཅིག་འཁོར་རྒྱུག་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་མཉམ་དུ་མཚོ་སྔོན་པོའི་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དང་། ཉེས་དོན་ཁྲིམས་འཛིན་གཉིས་སྦྲེལ་མཐུད་བྱེད་པའི་འབྲེལ་ཡོད་བསམ་འཆར་གཏན་ཁེལ་བྱས་ཏེ། ཁྱོན་ཡོངས་ནས་མཚོ་སྔོན་པོ་མཐའ་འཁོར་གྱི་དོ་དམ་དང་། འཁོར་རྒྱུག་ཁྲིམས་སྐྱོང་བསམ་བློ་དང་། ཁྲིམས་སྐྱོང་གི་རྣམ་པ་ཚད་ལྡན་དུ་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། གསུམ་ནས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལུགས་ལག་བསྟར་སྒྲིག་སྲོལ་སྒྲིག་འཛུགས་བྱས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་སྐབས་སུ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་གུང་ཧོ། རྐང་ཚ། ཧེ་ཡན་རྫོང་གསུམ་གྱི་སྲིད་གཞུང་གིས་མཉམ་དུ་མཚོ་སྔོན་པོའི་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་སྒྲིག་སྲོལ་སྒྲིག་འཛུགས་སྐོར་གྱི་འབྲེལ་ཡོད་བརྡ་སྦྱོར་ཁྱབ་བསྒྲགས་བྱས་ཏེ། མཚོ་སྔོན་པོ་ས་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཕན་འབྲས་དང་ཁྲིམས་ལུགས་ལག་བསྟར་ནུས་ཤུགས་མཐོར་འདེགས་སུ་གཏོང་རྒྱུ་རེད། །    

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།