ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ་སྟོང་ཕྲག་གི་ཐང་གའི་སྒྱུ་རྩལ་གྱི་གསོན་ཤུགས་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རེབ་གོང་ཐང་ག་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གཙང་འགྲམ་གྱི་རེབ་གོང་ས་ཁུལ་དུ་དར་ནས་མིང་ཐོགས་པ་དང་། དེ་ནི་རེབ་གོང་སྒྱུ་རྩལ་གྱི་དཔེ་མཚོན་རང་བཞིན་ཡིན། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་འཕྲིན་བདེ་བགྲོད་མིན་པའི་དབང་གིས་རེབ་གོང་ཐང་ག་ཡུན་རིང་ཞིག་ལ་མི་རྣམས་ཆ་རྒྱུས་མེད་པའི་གནས་སུ་ལྷུང་། ཡིན་ཡང་ཉེ་བའི་ལོ་འགའི་རིང་ས་གནས་སྲིད་གཞུང་གིས་སྐུལ་འདེད་འོག་མང་ཚོགས་སྔར་ལས་མང་པོ་དེའི་ནང་ཞུགས་ནས་རེབ་གོང་ཐང་ག་སྟེ་ཐུན་མོང་མ་ཡིན་པའི་འབྲི་སྲོལ་འདིར་གསོན་ཤུགས་གསར་བ་ཞིག་རྒྱས་ཡོད།

2.jpg

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཀླུ་སྒྲུབ་རི་མོ་ཁང་ནི2013ལོར་འཛུགས་སྐྲུན་ཟིན་ནས་འཁོར་བསྐྱོད་བྱས་པ་དང་། དེ་ནི་ས་གནས་སུ་མིང་གྲགས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཕྱོགས་བསྡུས་ཁྲིད་སྦྱོང་ལྟེ་གནས་ཤིག་ཡིན། རེབ་གོང་ཐང་གའི་མིང་གྲགས་ཆོད་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་བསྟུན། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་སློབ་མ་ཡང་སྔར་ལས་ཇེ་མང་དུ་སོང་བ་རེད། ལོ་ངོ་བཅུ་རིང་ལ་ཀླུ་སྒྲུབ་རི་མོ་ཁང་གིས་བསྡོམས་པས་སློབ་མ760གསོ་སྦྱོང་བྱས་ནས་རེབ་གོང་ཐང་ག་འབྲི་སྲོལ་སྦྱངས་བ་བྱས་པ་དང་། དེའི་ཁྲོད་ལོ་གཅིག་གི་ཡོང་འབབ་སྒོར10ཟིན་པའི་སློབ་མ་བརྒྱ་ཕྲག་ལྷག་ཡོད། སྤྱིར་བཏང་སློབ་མའི་ཡོང་འབབ་ཀྱང་སྒོར་ཁྲི་བཞི་ནས་ལྔ་ཟིན་ཡོད། 

3.jpg

མི་རྣམས་རེབ་གོང་གསེར་མོ་ལྗོངས་སུ་བསྐྱོད་དུས་མིག་ལམ་དུ་མངོན་པ་ནི་ཁྱིམ་ཚང་སོ་སོས་ཐང་ག་འབྲི་བཞིན་པ་དེ་ཡིན་ལ། རོང་བོ་གཙང་འགྲམ་དུ་འབྲི་རྩལ་ཕུལ་དུ་བྱུང་བའི་ཐང་ག་འབྲི་མཁན་མང་པོ་འདུས་ཤིང་། ཁོང་ཚོ་འཇིག་རྟེན་གྱི་འདུ་འཛི་ལས་རིང་ཏུ་གྱེས་ནས་རང་རང་གི་སྨྱུག་རྩེ་བརྒྱུད་དེ་ངོ་མཚར་བའི་ཐང་གའི་འཇིག་རྟེན་སྣ་ཚོགས་མངོན་མཚོན་བྱེད་བཞིན་ཡོད།

6.jpg

རེབ་གོང་སྒྱུ་རྩལ་དེ2006ལོ་དང2009ལོར་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཚབ་བྱེད་རང་བཞིན་གྱི་ལས་གཞིའི་མིང་བྱང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཚབ་བྱེད་མིང་བྱང་ནང་བཞག་པ་རེད། ཉེ་བའི་ལོ་འགའི་རིང་ས་གནས་སྲིད་གཞུང་གིས་རེབ་གོང་སྒྱུ་རྩལ་གྱི་སྲུང་སྐྱོང་དང་རྒྱུད་འཛིན་ལ་ཧུར་གྱིས་སྐུལ་འདེད་བཏང་བས། མིག་སྔར་ཐུན་རིན་གྲོང་ཁྱེར་གྱི་སྡོད་དམངས་ཁྲི་བཅུ་ལྷག་གི་ཁྲོད་དུ་མི་ཁྲི་གཉིས་ལྷག་གིས་རེབ་གོང་ཐང་ག་འབྲི་བའི་ལས་ཀའི་ནང་ཞུགས་ཡོད།

4.jpg

ཉེ་བའི་ལོ་འགའི་རིང་། རེབ་གོང་ཐང་གའི་རྒྱུད་འཛིན་སྲུང་སྐྱོང་ལས་དོན་མུ་མཐུད་དུ་འཐུས་ཚང་དུ་གྱུར་ནས། གྲོང་གསེབ་དང་ཁྱིམ་ཚང་། ཁྲིད་སྦྱོང་ལྟེ་གནས། མཐོ་སློབ་བཅས་ཀྱིས་རྒྱུད་འཛིན་བྱེད་པའི་རྣམ་པ་ཆགས་ཡོད། སྒྱུ་རྩལ་གྱི་ཚེ་སྲོག་ནི་རྒྱུད་འཛིན་ལ་རག་ལས་ཡོད་པ་མ་ཟད་རྒྱུད་འཛིན་ཁྲོད་འཕེལ་རྒྱས་བྱེད་དགོས། ད་ལྟ་རེབ་གོང་ཐང་ག་ནི་གངས་ལྗོངས་མཐོ་སྒང་ལས་ཕྱིར་བསྐྱོད་ནས་འཛམ་གླིང་ལ་ཁ་ཕྱོགས་ཡོད་པ་དང་། གནའ་བོའི་ཐང་གའི་སྒྱུ་རྩལ་ལ་གསོན་ཤུགས་གསར་བ་ཞིག་རྒྱས་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།