ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སྐོར་ཞིག་དང་བཞུགས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས7ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སྐོར་ཞིག་གི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུ་ལ་ཞུགས་ཏེ་གཏམ་བཤད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་མཚོ་སྔོན་གྱི་ལག་ལེན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རྒྱ་ཁྱབ་པའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་པར་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཡིས་བཞུགས་མོལ་ཚོགས་འདུ་ལ་མགོ་འཛིན་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་དབྱི་སི་ལན་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཡུའེ་ཞང་སོགས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དྲུག་དང་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་མི་སྣས་ལྟ་ཕྱོགས་དང་རིམ་པ་མི་འདྲ་བ་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་ལས་དོན་སྤེལ་བའི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་འཆར་གཞི་ངོ་སྤྲོད་བྱས།

ཚང་མའི་གཏམ་བཤད་པར་ནན་ཏན་གྱིས་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་སྔོན་ལ་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་དུས་ཆེན་གྱི་འཚམས་འདྲི་བྱས་ལ། ཁོ་ཚོ་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས། ཁོང་གིས་ཉེ་བའི་ལོ་འདི་ལ། ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱིས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ལ། རང་རྒྱལ་གྱི་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་གྱི་བསམ་བློའི་སྣེ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་དང་། ཏང་གི་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་བཟང་པོ་བྱས་པར་མ་ཟད། ཕྱོགས་ཡོངས་ནས་ཆོས་ལུགས་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་ཁག་ལེགས་པོར་སྒྲུབ་པས། བྱ་བའི་གཙོ་གནད་གསལ་ཞིང་། གྲུབ་འབྲས་མངོན་གསལ་ཡིན་པར་བསྟན།

མགོན་པོ་བཀྲ་ཤིས་གྱིས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ། ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དབྱི་སི་ལན་ཆོས་དད་མང་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་བཟང་པོ་དར་སྤེལ་བྱས་ཏེ། རང་རྒྱལ་གྱི་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་པ་ཏང་གི་མི་རིགས་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཆེན་པོ་དང་མི་རིགས་སོ་སོའི་བརྗེ་རེས་འགྲོ་འོང་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། ཞིང་ཆེན་སྲིད་གྲོས་ཆོས་ལུགས་སྡེ་ཁག་གི་ཨུ་ཡོན་དང་དབྱི་སི་ལན་ཆོས་ལུགས་མི་སྣས་རང་སྟེང་གི་ཁྱད་ལྡན་དགེ་མཚན་དང་ཤུགས་རྐྱེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སློབ་གསོ་གཏོང་བ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།