ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོའི་དུས་ཚིགས་དང་པོའི་ནོར་སྲིད་ཀྱི་གཏོང་ཡོང་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས6ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་ལོ་སྟོད་ནས་བཟུང་། རྨ་ལྷོ་ཁུལ་གྱིས་ལོ་ཧྲིལ་པོའི་ནོར་སྲིད་གཏོང་ཡོང་གི་དམིགས་ཚད་ལ་གཞིགས་ནས། དཔལ་འབྱོར་མར་ཆག་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཁྱད་བསད་ཀྱིས་ཞབས་ཞུ་ཇེ་ལེགས་སུ་བཏང་བ་དང་།    མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།    དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་ཉུང་གཏོང་གི་སྲིད་ཇུས་དོན་འཁྱོལ་བཅས་བྱས་པས།  དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་ཐོབ་པ་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་གཏོང་ཡོང3%འཕར་རྒྱུའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱུང་བ་རེད།    

ལོ་སྟོད་ནས་བཟུང་། རྨ་ལྷོ་ཁུལ་གྱིས་ཁྲལ་དོན་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས། སྔོན་ལ་ཡོང་འབབ་ཞིབ་འཇུག་དང་བརྡར་ཤ་བཅད་དེ། ལོ་གོང་མའི་དུས་མཚུངས་ཀྱི་གཞི་གྲངས་ཧ་ཅང་མཐོ་བ་དང་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་དམའ་བའི་ཤུགས་རྐྱེན་སོགས་ཀྱི་མི་ལེགས་པའི་གནས་ཚུལ་ཐུན་མོང་ཐོག་ཁྱད་བསད་བྱས་ནས།  ཁྲལ་འབབ་ཆག་ཡང་གི་སྲིད་ཇུས་གསར་པ་དང་དཔལ་འབྱོར་འབྱུང་ཁུངས་འཛུགས་སྐྲུན་གྱིས་ནོར་སྲིད་འཕར་བར་འདེགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་ལེན་ནན་མོ་བྱས་ནས། ཡོང་འབབ་ཀྱི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་ཕྱིན་ཡོད། ཟླ3པའི་ཟླ་མཇུག་བར། རྨ་ལྷོ་ཁུལ་གྱི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་བསྡོམས་པས་མ་དངུལ་སྒོར་ཁྲི14307ཟིན་པ་དང་། དེ་ལོ་འཁོར་གྱི་སྔོན་རྩིས་ཀྱི25.8%ཡིན་པ་དང་ལོ་གོང་མའི་དུས་མཚུངས་ལས་ཡོང་འབབ་སྒོར་ཁྲི631ཇེ་མང་དུ་སོང་ནས4.6%འཕར་ཡོད།    

མིག་སྔའི་བར། རྨ་ལྷོ་ཁུལ་གྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་བསྡོམས་པས་སྒོར་ཁྲི256688ཟིན་ནས། ལོ་འཁོར་སྔོན་རྩིས་ཀྱི26.1%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་ཁྲི7726ཇེ་མང་དུ་སོང་ནས3.1%འཕར་ཡོད་པ་རེད།     འགྱུར་མེད་ཀྱི་འགྲོ་སོང་འགན་ལེན་བྱེད་པ་དང་ཆབས་ཅིག་རྨ་ལྷོ་ཁུལ་གྱིས་ནོར་སྲིད་ཀྱི་འགྲོ་སོང་གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་དང་ནགས་ལས།    ཆུ་བེད་བཅས་ཀྱི་ལས་དོན་དང་།    སྤྱི་ཚོགས་འགན་སྲུང་ལས་ཞུགས།    སློབ་གསོ།    སྨན་བཅོས་འཕྲོད་བསྟེན་སོགས་དམངས་འཚོའི་བྱ་གཞག་ལ་འགན་ལེན་ནུས་ལྡན་བྱས་པ་རེད།    །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།