ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་སྤུས་ཚད་མཐོ་བའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་པར་བསྟན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ངག་དབང་གཡང་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་སྒྲིག་བཟོའི་སྙན་སེང་བཀའ་འཁྲོལ་ཞུ་བའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གིས་རྒྱལ་ཁོངས་བར་སྟོང་འཆར་འགོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་བྱ་ཤུགས་ཆེ་རུ་གཏོང་བ། ཚད་གཞི་སྔར་བས་མཐོ་བ་མཐའ་འཁྱོངས་བྱེད་པ། སྤྱི་འདོམས་མཐུན་སྦྱོར་བྱ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་ངང་རྒྱལ་ཁོངས་བར་སྟོང་གི་འཆར་གཞི་ཡག་པོ་འབྲི་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་མྱུར་ཏུ་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་འགན་ལེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས། རྒྱལ་ཁོངས་བར་སྟོང་འཆར་འགོད་ཡག་པོ་བཟོ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ནང་གནས་ཀྱི་བླང་བྱ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཡང་ཡིན། ཆབ་སྲིད་ཀྱི་ལངས་གནས་ཆེ་རུ་བཏང་ནས་སྐུལ་འདེད་ལ་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་འཁྲུལ་མེད་བྱེད་པ། གཞི་ཐིག་བསམ་བློ་དང་ཉེན་ཁའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཏེ། སྒྲིག་ཁོངས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་དང་། རྨོ་ཞིང་དམར་ཐིག་དང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག རྒྱལ་ཁོངས་བདེ་འཇགས་ཀྱི་མཐའ་མཚམས་བཅས་དམ་བསྲུང་བྱེད་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་ཤུགས་བསྣན་ནས་ཐོན་སྐྱེད་དང་འཚོ་བ།སྣོད་བཅུད་དབར་གྱི་འབྲེལ་བ་དང་། འདས་མ་ད་གསུམ་དབར་གྱི་འབྲེལ་བ། ད་ཡོད་ཀྱི་འཆར་འགོད་དང་བར་བརྒལ་དུས་མཚམས་ཀྱི་འཆར་འགོད། རྒྱལ་ཁོངས་བར་སྟོང་འཆར་འགོད་དབར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱས་ནས།མགྱོགས་མྱུར་གྱིས“འཆར་མང་གཅིག་སྒྲིལ”མངོན་འགྱུར་འོག་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ངེས་གནས་མཐོ་བ་མཐའ་འཁྱོངས་ཀྱིས་སྐུལ་འདེད་ལ་དམ་འཛིན་བྱས་ཏེ་འགན་འཁྲི་ལྕི་པོ་དང་ཞིབ་ཚགས་གཟབ་ནན་གྱི་རྣམ་འགྱུར་བཅངས་ནས་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་པ། སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། ཚད་ཡོད་ཀྱི་གསར་སྤེལ་བར་སྟོང་བེད་སྤྱོད་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁྱབ་ཁོངས་སྔར་བས་ཆེ་བ་དང་ཆུ་ཚད་སྔར་བས་མཐོ་བའི་རྒྱལ་ཁབ་མངའ་ཁོངས་ལ་སྲུང་སྐྱོང་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བརྒྱབ་སྟེ། མགྱོགས་མྱུར་ངང་སྤྱིའི་འཆར་འགོད་སྒྲིག་བཟོ་སྙན་སེང་བཀའ་འཁྲོལ་ཞུ་བ་དང་ཆབས་ཅིག ཆེད་དོན་འཆར་འགོད་སྒྲིག་བཟོ་བཟོ་བཅོས་རྒྱག་རྒྱུར་དང་མཐུན་སྦྱོར་ངང་ཤང་གྲོང་གི་སྤྱིའི་འཆར་འགོད་དང་གྲོང་ཚོའི་འཆར་འགོད་བཟོ་སྒྲིག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།མགྱོགས་མྱུར་ངང་ཞིབ་ཕྲའི་འཆར་འགོད་སྒྲིག་བཟོ་ཞིབ་བཤེར་ཆོག་མཆན་སྤྲོད་པའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཚོགས་འདུར་མགོ་འཛིན་གནང་། ཚོགས་འདུ་ཐོག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རྒྱབ་ཁབ་མངའ་ཁོངས་བར་སྟོང་སྤྱིའི་འཆར་འགོད་སྒྲིག་བཟོ་སྙན་སེང་བཀའ་འཁྲོལ་ཞུ་བའི་གནས་ཚུལ་བརྡ་ཁྱབ་བཏང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ་དང་མགོ་ལོག་ཁུལ་བཅས་ཀྱིས་སྙན་ཞུའི་གཏམ་བཤད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།