ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་དུ་ཞུགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱེད་པའི་བགྲོ་གླེང་ཞིབ་འཇུག་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་གོ་བ་རྣལ་མ་ལེན་པ་དང་། “གཏན་ཕབ་གཉིས”ལ་གོང་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་དངོས་འཛིན་དངོས་གཉེར་སྒོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཐོག་ནས། ཝུའུ་ཞའོ་ཅུན་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། པད་གོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་བཅས་ཀྱི་བརྗེ་རེས་གཏམ་བཤད། ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་གྱིས་ཡིག་ཐོག་གི་བརྗེ་རེས་གླེང་མོལ་སྤེལ། 

ཁྲེན་ཀང་གིས་གསུང་བཤད་ལས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ཕབ་གསལ་པོར་མཛད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ཡིན། “མགོ་རྩོམ་པའི་ལོ་ཡི་སློབ་ཐུན་དང་པོ”ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ཆེན་པོ་རབ་དང་རིམ་པར་འགྲེལ་བཤད་ཞིབ་མོ་གནང་ཡོད་པས། ང་ཚོས་བགྲོད་ལམ་གསར་པའི་སྟེང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་དུ་གཏོད་པར་མདུན་སྐྱོད་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད་ཅེས་བསྟན། 

ཁྲེན་ཀང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་རྒྱུས་ལོན་ཡང་དག་པར་ལེན་པར། ཆེས་རྩ་བར་གྱུར་པའི་ཆ་གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྤྱིའི་ཇུས་འགོད་པ་དང་ལམ་ཁྲིད་པ་ཡིན་པར་ངོས་འཛིན་ཟབ་མོ་བྱེད་རྒྱུ་དེ་ཡིན། “གཏན་ཕབ་གཉིས”ནི་དཀའ་ངལ་གེགས་རྐྱེན་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་ངེས་གཏན་མེད་པའི་རང་བཞིན་ཡོད་ཚད་ལ་གདོང་གཏོད་པའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་རང་བཞིན་དང་ཆེས་ཆེ་བའི་རྟིང་ཤུགས། ཆེས་ཆེ་བའི་ཁག་ཐེག་བཅས་ཡིན་སྟབས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་མྱོང་རྟོགས་ཟབ་མོ་བྱེད་པ་དང་། “སྲུང་སྐྱོང་གཉིས”སྔར་ལས་ལྷག་པར་རང་རྟོགས་སྒོས་སྒྲུབ་ཐུབ་པར་བྱེད་པ། བློ་བརྟན་འགྱུར་མེད་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཁྲེན་ཀང་གིས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པའི་བསམ་བློ་ཕྱོགས་གཅིག་ལ་འཁོར་བ་དང་སྟོབས་ཤུགས་ཕྱོགས་གཅིག་ལ་འདོན་དགོས་ལ། ད་ཡོད་ཀྱི་བྱ་བའི་རྨང་གཞིའི་ཐོག་འབད་པ་ལྡབ་འགྱུར་བྱས་ཏེ། རྩ་འཛུགས་ཀྱི་བཀོད་སྒྲིག་དེ་མི་ཚེའི་གདམ་ཀར་བསྒྱུར་བ་དང་དཀའ་སྤྱད་སྡུག་རུས་ཀྱི་བློས་གཏོང་དེ་མི་ཚེའི་རིན་ཐང་དུ་འཛིན་པ། རྔུལ་ཁྲག་བཏོན་པ་དེ་མི་ཚེའི་གཟི་བརྗིད་དུ་བརྩི་བ་བཅས་བྱེད་དགོས། མིག་སྔར། མཚོ་སྔོན་ནི་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཟིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལར་འཛེག་དོང་བརྒལ་གྱི་འགག་སྒྲོལ་དུས་སྐབས་དང་ལྷད་མེད་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས། ཁྱད་ལྡན་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་སྒེའུ་ཁུང་དུས་སྐབས་བཅས“སྐབས་གསུམ་མཉམ་དུ་བསྣོལ”ཡོད་ལ། འདས་ཟིན་པའི་ངན་ཆ་ནི་ད་ལྟ་འཕེལ་རྒྱས་ཀྱི་དགེ་མཚན་ཡིན་ཡང་སྲིད། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་ཡིད་ལ་དམ་པོར་བཟུང་ནས། མཐའ་ཐིག་བརྟན་པོར་བཟུང་བ་དང་གོ་སྐབས་དམ་འཛིན་བྱེད་པ། བབ་བསྟུན་ཡར་སྐྱོད་བཅས་བྱེད་དགོས། མཚོ་སྔོན་གྱི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ཕན་བདེ་སོགས་འགན་འཁྲི་ཆེན་མོ་ཡིད་ལ་དམ་པོར་འཛིན་པ་དང་། ཀྲུང་དབྱང་གི་བླང་བྱ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་འཚམ་པར་བྱེད་པ། རང་ངོས་འཕེལ་རྒྱས་ལ་སྐུལ་བའི་ནུས་པ་མཐོར་འདེགས་དགོས། སྲུང་སྐྱོང་དང་འཕེལ་རྒྱས། ནང་ཤུགས་དང་ཕྱི་ཤུགས། ཡུལ་གཅིག་སྤྱི་ཡོངས། དོ་དམ་ནན་མོ་དང་གཅེས་སྐྱོང་ཟབ་མོ་བཅས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་དང་མཚོ་སྔོན་འཕེལ་རྒྱས་ཀྱི་ནང་སྐྱེད་སྒུལ་ཤུགས་ཟུང་དུ་སྦྲེལ་ནས། སྐབས་ཀུན་དང་དོན་རེ་རེ་སྤྱི་ཡོངས་ཀྱི་ཁྲོད་ནས་ཕྱོགས་གཅིག་ལ་བློ་བཀོད་འཐེན་པ། དངོས་གཉེར་ཕན་ཆེའི་ལས་དོན་ལ་བརྟེན་ནས་མཚོ་སྔོན་གྱི་དོན་དག་ལེགས་པར་བསྒྲུབས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་ཆེས་དང་བཀའ་མངགས་ཟབ་མོ་སྟོང་ཟད་དུ་མི་གཏོང་བ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་བརྩེ་བ་ཟབ་མོ་དང་རེ་བ་ཆེན་པོར་ངོ་མི་གནོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།